གཞུང་གིས་ཨཱདཱར་ལག་འཁྱེར་དང་དངུལ་གསོག་འཇོག་བྱེད་རྒྱུའི་ལས་འགུལ་ཆུང་བའི་དབར་མཐུད་ཆེད་དུ་བཅད་མཚམས་ཀྱི་ཚེས་ཕྱི་ཟླ་༣ ཚེས་༣༡ ལ་ཕྱི་རྒྱང་བྱེད་པ།

གཞུང་གིས་ཨཱདཱར་ལག་འཁྱེར་དང་དངུལ་གསོག་འཇོག་བྱེད་རྒྱུའི་ལས་འགུལ་ཆུང་བ་སྦྲག་ཁང་ལ་དངུལ་གསོག་འཇོག་བྱེད་པ་དང་གཞན་ཀིསཱན་ཝིཀཱས་པཱཏྲཱ་ཞེས་པའི་དངུལ་གསོག་འཇོག་གི་ལས་འགུལ་ཆུང་བ་དུ་མའི་དབར་མཐུད་ཆེད་དུ་བཅད་མཚམས་ཀྱི་ཚེས་ཕྱི་ཟླ་༣ ཚེས་༣༡ ལ་ཕྱི་རྒྱང་བྱེད་ཡོད་པ་རེད་འདུག་   དེའང་དཔལ་འབྱོར་བློན་ཆེན་ལྷན་ཁང་གིས་གནས་དོན་དེའི་ཐོག་གསལ་བསྒྲགས་གཏོང་གནང་ཡོད་པ་རེད་འདུག་   དེའང་དེ་སྔོན་ཨཱདཱར་དང་དངུལ་གསོག་འཇོག་བྱེད་སའི་ལས་འགུལ་ཆུང་བ་དབར་ལ་མཐུད་ཆེད་དུ་བཅད་མཚམས་ཚེས་མཐའ་མ་དེ་ཕྱི་ཟླ་༡༢ ཚེས་༣༡ ལ་ཡིན་པ་རེད་འདུག།