དམག་མིའི་འགོ་དཔོན་མཆོག་གིས་རྒྱ་ནག་གིས་རྒྱ་གར་ས་ཆ་ཨཱརུནཱཅལ་པྲཱཌེཤ་ནང་ནས་ཚད་མཚམས་ལས་བརྒལ་བའི་བྱ་སྤྱོད་དེའི་གནད་དོན་གྱི་དཀའ་རྙོག་གསལ་བའི་སྐོར་གསུངས་གནང་བ།

དམག་མིའི་འགོ་དཔོན་ཇེ་ནེ་རལ་བིཔིན་རཱཝཱཊ་མཆོག་གིས་རྒྱ་ནག་གིས་རྒྱ་གར་ས་ཆ་ཨཱརུནཱཅལ་པྲཱཌེཤ་ནང་ནས་ཚད་མཚམས་ལས་བརྒལ་བའི་བྱ་སྤྱོད་དེའི་གནད་དོན་གྱི་དཀའ་རྙོག་གསལ་བའི་སྐོར་གསུངས་གནང་ཡོད་པ་རེད་འདུག་པ་དང་ཉེ་སྔོན་རྒྱ་ནག་རྒྱ་ལམ་བཟོས་མཁན་ཁ་ཤས་ཨཱརུནཱཅལ་པྲཱཌེཤ་མངའ་སྡེའི་ནང་དུ་འཛུལ་ཡོད་པ་རེད་འདུག་   དེའང་དམག་དཔོན་ཇེ་ནེ་རལ་རཱཝཱཏ་མཆོག་གིས་རྒྱལ་ས་ལྡི་ལིར་གསར་འགོད་པར་གནད་དོན་དེ་ཉིན་གཉིས་སྔོན་ལ་ས་མཚམས་དམག་སྲུང་གི་ཚོགས་འདུ་ཞིག་གི་སྐབས་སུ་གྲོས་མོལ་བྱུང་ཡོད་པའི་སྐོར་གསུངས་གནང་འདུག།