གནམ་གཤིས་གྲང་མོ་དང་སྨུག་པ་མཐུག་པོས་རྒྱ་གར་གྱི་བྱང་ཁུལ་དང་ཤར་ཁུལ་ལ་ཁྱབ་པ།

གནམ་གཤིས་གྲང་མོ་དང་སྨུག་པ་མཐུག་པོས་རྒྱ་གར་གྱི་བྱང་ཁུལ་དང་ཤར་ཁུལ་ལ་ཁྱབ་པ་དང་དམིགས་བསལ་ཇཱམུ་ཀཱཤྨིར་དང་པཱནཇཱབ་དང་ཧཱརཡཱནཱ་དང་ཧིམཱཅལ་པྲཱཌེཤ་མངའ་སྡེའི་ས་ཁུལ་ཁ་ཤས་སུ་ཁྱབ་ཤུགས་ཆེ་བ་བྱུང་ཡོད་པ་རེད་འདུག་   ད་དུང་སྨུག་པ་མཐུག་པོའི་རྐྱེན་པས་མེ་འཁོར་༢༢ ཕྱིར་འཐེན་བྱེད་དགོས་འཁེལ་བ་དང་གཞན་མེ་འཁོར་༨ ཀྱི་དུས་ཚོད་རེའུ་མིག་ཕྱི་རྒྱང་བྱེད་དགོས་འཁེལ་ཡོད་པ་རེད་འདུག།

དེའང་རྒྱལ་ས་ལྡི་ལིར་གྲང་ཚད་ཌིག་རི་སེལ་ཤས་༤་༢ ལ་སླེབས་ཡོད་པ་རེད་འདུག་པས་ནམ་དུས་འདིའི་གྲངས་ཤོས་དེ་ཡིན་པ་རེད་འདུག།