རྒྱ་གར་བར་སྣང་ཉམ་ཞིབ་ལྷན་ཚོགས་ཀྱིས་འདི་ཟླའི་ཕྱི་ཚེས་༡༢ ལ་འཕྲུལ་སྐར་༣༡ གཏོང་རྒྱུ་ཡིན་པ།

རྒྱ་གར་བར་སྣང་ཉམ་ཞིབ་ལྷན་ཚོགས་ཀྱིས་འདི་ཟླའི་ཕྱི་ཚེས་༡༢ ལ་འཕྲུལ་སྐར་༣༡ གཏོང་རྒྱུ་ཡིན་པ་རེད་འདུག་པ་དང་བར་སྣང་ཉམ་ཞིབ་ལྷན་ཚོགས་ཀྱིས་འཕྲུལ་སྐར་༡༠༠ པ་དེ་གཞན་འཕྲུལ་སྐར་༣༠ ཡི་མཉམ་དུ་གཏོང་རྒྱུ་ཡིན་པ་རེད་འདུག།

དེའང་དེ་རིང་རྒྱ་གར་བར་སྣང་ཉམ་ཞིབ་ལྷན་ཚོགས་ཀྱི་འཕྲུལ་སྐར་སྡེ་ཚན་གྱི་ལམ་སྟོན་པ་ཨེམ་ཨནྣཱཌུརཡི་མཆོག་གིས་འཕྲུལ་སྐར་༣༡ གཏོང་རྒྱུ་ཡིན་པའི་ནང་ནས་འཕྲུལ་སྐར་༢༨ ཕྱི་རྒྱལ་ཁབ་ཀེ་ནེ་ཌ་དང་ཕིན་ལེནྜ་དང་ཕི་རེན་སི་དང་ལྷོ་ཀོ་རི་ཡ་དང་དབྱིན་ཡུལ་དང་ཨ་རི་ནས་ཡིན་པའི་སྐོར་གསུངས་གནང་འདུག།