སྲིད་འཛིན་ཀོཝིནྜ་མཆོག་གིས་ཉིན་གསུམ་གྱི་རིང་ཚོགས་རྒྱུ་ཡིན་པའི་རྒྱལ་སྤྱི་དཱརམཱ་དཱམྨཱ་ཚོགས་འདུ་༤ པ་དེ་དབུ་འབྱེད་གནང་རྒྱུ་ཡིན་པ།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་བིཧཱར་མངའ་སྡེའི་རཱཇགིར་ས་ཆར་ཉིན་གསུམ་གྱི་རིང་ཚོགས་རྒྱུ་ཡིན་པའི་རྒྱལ་སྤྱི་དཱརམཱ་དཱམྨཱ་ཚོགས་འདུ་༤ པ་དེ་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག།

ཚོགས་འདུ་དེ་ནི་རྒྱ་གར་ཚོགས་པ་དང་ནཱལཱནཌཱ་གཙུག་ལག་སློབ་གྲྭ་ཆེན་པོ་དང་ཕྱི་སྲིད་བློན་ཆེན་ལྷན་ཚོགས་དང་ཨེ་ཤི་ཡ་རྒྱ་གར་ཚོགས་པ་དང་ཝིཊ་ནམ་ནང་པ་ཚོགས་པ་རྣམས་ཀྱིས་མཉམ་རུབ་ཐོག་གོ་སྒྲིག་གནང་ཡོད་པ་རེད་འདུག།