དམག་དཔོན་མཆོག་གིས་རྒྱ་གར་དང་རྒྱ་ནག་དམག་མི་བར་ཁ་པར་འབྲེལ་ལམ་ཞབས་ཞུ་མྱུར་དུ་གསར་འཛུགས་གནང་རྒྱུ་ཡིན་པ་བརྗོད་པ།

དམག་དཔོན་བི་པིན་ར་ཝཏ་མཆོག་གིས་རྒྱ་གར་དང་རྒྱ་ནག་དམག་མི་བར་ཁ་པར་འབྲེལ་ལམ་ཞབས་ཞུ་མྱུར་དུ་གསར་འཛུགས་གནང་རྒྱུ་ཡིན་པ་བརྗོད་འདུག་ རྒྱལ་ས་ལྡི་ལིར་གསར་འགོད་གསལ་བསྒྲགས་སུ་རྒྱ་དཀར་ནག་གཉིས་ཀའི་གོ་གནས་མཉམ་པའི་དམག་དཔོན DGMO བར་ཁ་པར་འབྲེལ་ལམ་མྱུར་དུ་གསར་འཛུགས་གནང་རྒྱུ་ཡིན་པ་བརྗོད་འདུག་

ནི་ཏི་ཨ་ཡོག་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ར་ཇིཝ་ཀུ་མར་མཆོག་གིས་སྲིད་བློན་མཆོག་མཁས་པ་རྣམས་དང་གྲོས་མོལ་གནང་སྟེ་མཁས་པ་རྣམས་ཀྱིས་ཞིང་ལས་ཐོན་སྐྱེད་ལས་ཐོན་སྐྱེད་སྤོར་བ་དང་རིང་གོང་ཆུང་བ་དང་ཁྲོམ་རྭ་སླེབ་ཐབས་སྤེལ་དགོས་པའི་བསམ་འཆར་བཏང་འདུག་ སྲིད་བློན་མཆོག་གིས་མཁས་པ་ཡོངས་ཀྱི་བསམ་འཆར་དང་མཉམ་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་གནང་འདུག་གོ་