དེ་རིང་རྒྱ་གར་གྱི་བྱང་ཕྱོགས་ཁུལ་ལ་སྟོན་ཐོག་གི་དུས་སྟོན་ལོཧྲི་ཞེས་པ་དེའི་རྟེན་འབྲེལ་བྱེད་པ།

དེ་རིང་རྒྱ་གར་གྱི་བྱང་ཕྱོགས་ཁུལ་ལ་སྟོན་ཐོག་གི་དུས་སྟོན་ལོཧྲི་ཞེས་པ་དེའི་རྟེན་འབྲེལ་བྱེད་ཀྱིས་ཡོད་པ་རེད་འདུག་   དེའང་རྒྱ་གར་བྱང་ཕྱོགས་ཀྱི་ས་ཆ་དམིགས་བསལ་མངའ་སྡེ་པཱཇཱཾབ་དང་ཧཱརཡཱནཱ་མངའ་སྡེ་དང་ཧིམཱཅལ་པྲཱཌེཤ་མངའ་སྡེ་དང་རྒྱལ་ས་ལྡི་ལིར་དེ་རིང་དུས་སྟོན་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱིས་ཡོད་པ་རེད་འདུག།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་མི་མང་རྣམས་སུ་དེ་རིང་གི་དུས་སྟོན་ལ་འཚམས་འདྲི་ཞུ་གནང་ཡོད་པ་རེད་འདུག་པ་དང་ད་དུང་སང་ཉིན་གྱི་མཱཀཱར་སཱནཀྲཱནཏི་དང་པོགཱཾལ་དུས་སྟོན་གྱི་འཚམས་འདྲིའང་ཞུ་གནང་ཡོད་པ་རེད་འདུག།