ཕྱི་ལོ་ 2015 ལོར་མ་ནི་པུར་རུ་ཅེན་གྲེལ་དམག་མི་འཇབ་སྒུག་ལས་དམག་མི་18 གསོད་པའི་གནོད་འཚེ་དང་འབྲེལ་NIA ཡིས་ནག་ཉེས་འཛུགས་ཡུལ་བཙན་བཟུང་གནང་བ།

ཕྱི་ལོ་ 2015 ཟླ་དྲུག་པར་མ་ནི་པུར་རུ་ཅེན་གྲེལ་དམག་མི་འཇབ་སྒུག་ལས་དམག་མི་18 གསོད་པའི་གནོད་འཚེ་དང་འབྲེལ་NIA ཡིས་ནག་ཉེས་འཛུགས་ཡུལ་ནེའོ་རེམ་པ་རེམ་ཀན་ཏ་སིང་བཙན་བཟུང་གནང་ཐུབ་པ་བྱུང་འདུག་ ནེག་ཉེས་འཛུགས་ཡུལ་ཁོང་མ་ནི་པུར་མངའ་སྡེ་ཉེན་རྟོག་པ་དང་ཚོགས་པ་གཉིས་བར་མཉམ་འབྲེལ་ལས་འགུལ་སྤེལ་སྟེ་འཛིན་བཟུང་གནང་འདུག་ རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགོད་པས་ད་ལན་གྱི་ཆེས་མཐོའི་ལྷན་ཚོགས་སུ་རྒྱལ་ཡོངས་ཀྱི་མཁས་པ་ཁག་གིས་རྒྱ་གར་གསར་པ་འཛུགས་བསྐྲུན་གནང་བར་དཔལ་འབྱོར་གྱི་སྲིད་བྱུས་ཐད་གྲོས་མོལ་གནང་སྟེ་བསམ་ཚུལ་བརྗེ་ལེན་གནང་རྒྱུ་ཡིན་པ་བརྗོད་འདུག་གོ་