རྒྱ་གར་གྱི་བར་སྣང་ལ་བརྒྱ་ཕྲག་གཅིག་ཐོབ་སྐོར།།

རེས་གཟའ་པ་སངས་ཉིན་རྒྱ་གར་གཞུང་ནས་བཅོས་མི་རྒྱུ་སྐར་(satellite)ཀར་ཊོ་སཊ་༢ཕ་(Cartosat2F)ཟེར་བ་ཐེངས་བརྒྱ་པའི་གཟའ་སྐར་རྒྱུ་ལམ་རྒྱུད་བར་སྣང་དུ་གཏོང་ཐུབ་པའི་སྒྲུབ་འབྲས་ཐོན་པ་བྱུང་ཡོད་པ་ནི་བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པ་(PSLV)དི་ཡང་བེད་སྤྱོད་བྱས་ཡོད་པ་རེད། སྒྲབ་འབྲས་ལྡན་པ་ཡང་ན་འཛམ་གླིང་གི་ཞིབ་རྟོགས་བྱས་པའི་བཅོས་མི་རྒྱུ་སྐར་ཀར་ཊོ་སཊ་༢ཕ་ཟེར་བ་འདི་སྙིང་སྟོབས་ལྡན་པའི་རྒྱ་གར་གྱི་བར་སྣང་གྱི་ཚན་རིག་པ་རྣམས་ནས་འགོ་འཛུགས་པ་རེད། 

བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པ་དང་རྒྱ་གར་བར་སྣང་གྱི་ཉམས་ཞིབ་ཚོགས་པ་(ISRO)གཉིས་ཡིད་ཆས་དང་བློ་གཏད་ཡང་ཐོན་ཐུབ་པ་བྱུང་ཡོད་པ་རེད། ཡིད་བརྟན་འཕེར་བའི་རང་བཞིན་དང་ཤིད་ཤུགས་ལྡན་པ་ཡོང་ཆེད་དུ་རྒྱ་གར་གྱི་བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པའི་ངོས་ནས་ཚོད་ལྟ་བྱས་པ་རེད་གང་ལ་ཞུ་ན་བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པ་ནས་ད་བར་མེ་ཤུགས་འཕུར་མདའ་ཐིངས་༣༩རྩམ་གོ་རེམ་ལྟར་སྒྲུབ་འབྲས་ཐོན་པ་གཏོང་ཐུབ་ཡོད་པ་རེད།

ཞིབ་དཔྱད་པ་ནས་བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པ་མེ་ཤུགས་འཕུར་མདའ་ཐེངས་༣༩གོ་རིམ་ལྟར་གཏོང་བའི་ནང་དུ་ཡང་སྒྱབ་འབྲས་མི་ཐོན་པ་བྱུང་སྐོར་ལ་གསལ་སྟོན་བྱེད་པ་མ་ཟད་བཅོས་མི་རྒྱུ་སྐར་འདི་བར་སྣང་གྱི་གད་སྙིགས་ཡིན་ལུགས་བཤད་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་གྱི་མེ་ཤུགས་འཕུར་མདའ་འདི་གཞན་ལ་ཕན་ཐོགས་བྱུང་ཡོད་པའི་སྐོར་ལ་རྒྱུ་མཚན་ཡང་མང་པོ་བཤད་འདུག། རྒྱ་གར་བར་སྣང་གྱི་ཉམས་ཞིབ་ཚོགས་པ་འདི་ཟླ་བ་གཞིའི་རྗེས་སུ་སླར་ཡང་ཕྱིར་ལོག་བྱས་ཡོད་པ་ནི་ལོ་སྔོན་ལོར་ཟླ་བ་བརྒྱད་པའི་ནང་བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པ་ལས་འཆར་ལ་སྒྲུབ་འབྲས་མ་སོན་པ་རེད། བཅོས་མི་རྒྱུ་སྐར་ལྗི་ཤོས་ཀར་ཊོ་སཊ་༢ཕ་ལྗི་ཚད་ཀི་ལོ་༧༡༠བྱས་པ་ཞིག་ཀྱང་བཅོས་མི་རྒྱུ་སྐར་གྱི་སྣེའི་འགོ་འཛུགས་གྱི་འགྲུལ་འཁོར་གྱི་མེ་ཤུགས་འཕུར་མདའ་ཡི་ཚོགས་པ་ནས་འགོ་འཛོགས་ཡོད་པ་རེད།

འཛམ་གླིང་གི་ཞིབ་རྟོགས་བྱས་པའི་བཅོས་མི་རྒྱུ་སྐར་ནང་དུ་བཅོས་མི་རྒྱུ་སྐར་ཀར་ཊོ་སཊ་༢ཕ་ཞེས་པ་རིན་པ་བདུན་པའི་ནས་སླེབས་ཀྱི་ཡོད་པ་རེད་དེ་ཡང་ཉི་མའི་གཟའ་སྐར་གྱི་རྒྱུ་ལམ་ལ་རྒྱ་སྐྱེད་ཡོད་པ་རེད་ བཅོས་མི་རྒྱུ་སྐར་གྱི་སྣང་ཚུལ་འདི་གཏོང་བའི་སྐབས་སུ་གྲོང་གསེབ་ གྲོང་རྡེལ་ མཚོ་ཁ་དང་ས་གནས་རྣམས་ལ་ཕན་ཐོགས་ཆེན་པ་ཡོད་པ་མ་གཞན་ཡང་ལམ་གྱི་གྲ་བ་བཀོད་ཁྱབ་ ཆུ་འགྲེམས་སྤེལ་ ས་ཆའི་ས་ཁྲ་འདེབས་རྒྱུ་སོགས་འཛིན་སྐྱོང་དང་དེ་བཞིན་ས་བབས་གནས་སྟངས་ མིའི་བཟོ་བའི་རྣམ་པ་ རྒྱལ་ཁབ་དང་ས་ཆའི་གནས་ཚུལ་ལམ་ལུགས་བཅས་ཀྱི་ཤེས་རྟོགས་སོགས་པའི་ཕན་ནུས་ཆེན་པོ་ཡོད་པ་རེད། ལས་འཆར་དེའི་ནང་དུ་བཅོས་མི་རྒྱུ་སྐར་ཀར་ཊོ་སཊ་༢ཕ་གཅིག་པོ་མིན་པ་གཞན་ཡང་བཅོས་མི་རྒྱུ་སྐར་ཀར་ཆུང་ཆུང་༣༠་རྕམ་ཡོད་པ་ནི་བཅོས་མི་རྒྱུ་སྐར་ཆུང་ཆུང་༡བཅོས་མི་རྒྱུ་སྐར་ཆེན་པོ་༣ ནི་ནོ་བཅོས་མི་རྒྱུ་སྐར་ཀར་༡་བཅས་རྣམས་རྒྱ་གར་ནས་ཡིན་པ་དང་ནི་ནོབཅོས་མི་རྒྱུ་སྐར་ཀར་༢༥ཕྱིའི་རྒྱལ་ཁབ་དྲུག་ནི་ཀེ་ན་ཊ་ ཕིན་ལེན་ ཕི་རན་སི་ ཀི་རེ་ཡ་ ཨ་རི་དང་ཨིན་ཡོལ་བཅས་ནས་ཡིན་པ་འདུག།

ཕྱི་ལོ་༢༠༡༨ལོའི་ལས་འཆར་དང་པོ་འདི་སྒྲུབ་འབྲས་ཐོན་པ་བྱུང་པ་ལ་བརྟེན་ནས་རྒྱ་གར་བར་སྣང་གྱི་ཉམས་ཞིབ་ཚོགས་པའི་ངོས་ནས་ལོ་འདིའི་ནང་དུ་ལས་འཆར་ཕན་ཐོགས་ཆེ་བ་རབ་དང་རིན་པ་སྤེལ་འཆར་ཡད་པ་མ་ཟད་ལས་འཆར་གཉེས་པ་དི་ཡང་གཟའ་འཁོར་ཟླ་བ་དང་ཕྱི་ཟྲ་གསུམ་པའི་ནང་སྤེལ་སྐོེར་བཤད་འཛོག་གཞན་ཡང་ལས་འཆར་འདིའི་ཐོག་ལ་རྒྱ་གར་བར་སྣང་གྱི་ཉམས་ཞིབ་ཚོགས་པ་ནས་བཅོས་མི་རྒྱུ་སྐར་ཆེ་ཤོས་འདི་གཏོང་རྒྱུ་ཡིན་ལུགས་བཤད་འདུག་གོ།།།