ལྷོ་ཀོ་རི་ཡ་ཡིས་བྱང་ཀོ་རི་ཡ་ལ་དགུན་ཁའི་ཨོ་ལིམ་པིཀ་རྩེད་འགྲན་ཐོག་གྲོས་མོལ་འདུན་འཆར་འགོད་ཡོད་པ།

ལྷོ་ཀོ་རི་ཡ་ཡིས་བྱང་ཀོ་རི་ཡ་ལ་རྗེས་མའི་ཟླ་བར་ཚོགས་རྒྱུ་ཡིན་པའི་པི་ཡོང་ཅང་དགུན་ཁའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་ནང་དུ་འཛུལ་བཞུགས་བྱེད་ཆེད་ཀྱི་ཐོག་གྲོས་མོལ་འདུན་འཆར་འགོད་ཡོད་པ་རེད་འདུག།

དེའང་སི་ཡོལ་རྒྱལ་སར་ཁས་ས་ལྷོ་ཀོ་ཏི་ཡའི་གཅིག་སྦྲིལ་བློན་ཆེན་ལྷན་ཚོགས་ཀྱིས་པི་ཡོང་ཅང་དགུན་ཁའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་གྲོས་མོལ་དེ་རེས་གཟའ་ཟླ་བར་ཚོགས་རྒྱུ་ཡིན་པའི་སྐོར་གསུངས་གནང་འདུག།