སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་མཱཧཱརཱཤཊྲཱ་མངའ་སྡེར་ཚོང་འབྲེལ་དམང་གཙོའི་ཚོགས་འདུའི་དབུ་འབྱེད་གནང་ཆེད་དུ་ཕེབས་རྒྱུ་ཡིན་པ།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་དེ་རིང་མཱཧཱརཱཤཊྲཱ་མངའ་སྡེའི་ཐཱནེ་རྒྱལ་སར་ཚོགས་རྒྱུ་ཡིན་པའི་ཚོང་འབྲེལ་དམང་གཙོའི་ཚོགས་འདུའི་དབུ་འབྱེད་གནང་ཆེད་དུ་ཕེབས་རྒྱུ་ཡིན་པ་རེད་འདུག།

དེའང་ཚོགས་འདུ་དེ་ནི་རཱམབཧུ་མཱལགི་པྲཱབོདིནི་ཡིས་འགོ་སྒྲིག་བྱེད་ཡོད་པ་རེད་འདུག་པ་དང་དེ་ནི་ཚོང་པ་ན་གཞོན་རྣམས་སུ་སློབ་སྟོན་དང་མཐུན་རྐྱེན་ལེགས་སུ་གཏོང་ཆེད་དུ་ཡིན་པ་རེད་འདུག།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་ཚོགས་འདུ་དེའི་རྗེས་སུ་མུམབེ་རྒྱལ་སར་རྒྱལ་སྤྱི་ཝིཔཱསཱནཱ་པཱགོཌཱ་ལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།