དབུས་གཞུང་གི་ཇཱམུ་ཀཱཤྨིར་དམིགས་བསལ་སྐུ་ཚབ་མཆོག་གིས་པཱཀིསྟཱན་རྒྱ་གར་ས་མཚམས་སུ་ཡོད་པའི་གྲོང་སྡེ་པུཅཾ་ལ་འཚམས་གཟིགས་སུ་ཕེབས་པ།

དབུས་གཞུང་གི་ཇཱམུ་ཀཱཤྨིར་དམིགས་བསལ་སྐུ་ཚབ་ཌིནེཤྭཱར་ཤཱརམཱ་མཆོག་གིས་པཱཀིསྟཱན་རྒྱ་གར་ས་མཚམས་སུ་ཡོད་པའི་གྲོང་སྡེ་པུཅཾ་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་འདུག་   ཁོང་གི་འཚམས་གཟིགས་ཀྱི་སྐབས་སུ་གནས་སྡོད་བྱེད་མཁན་གྱི་སྤྱི་ཚོགས་དུ་མའི་སྐུ་ཚབ་ཀྱི་ལྷན་དུ་མཇལ་འཕྲད་གནང་ཡོད་པ་དང་པཱཀིསྟཱན་རྒྱ་གར་ས་མཚམས་ཀྱི་སྟངས་འཛིན་གྱི་ས་མཚམས་LoC ཞེས་པ་དེ་ནས་ཕེབས་པའི་སྐུ་ཚབ་ཀྱི་ལྷན་དུའང་མཇལ་འཕྲད་གནང་ཡོད་པ་རེད་འདུག་   ས་ཁུལ་དེ་ནི་པཱཀིསྟཱན་གྱིས་མེ་འཕེན་འཚམས་འཇོག་གི་དམ་བསྒྲགས་ལས་འགལ་ཏེ་གནོད་སྐྱོན་མང་པོ་བྱེད་ཡོད་པ་རེད་འདུག།