རྒྱ་ནག་གིས་རྒྱ་གར་པ་མཱནསཱརོཝར་ཡཱཏརཱ་ཞེས་པའི་གནས་འཇལ་གནང་མཁན་རྣམས་སུ་ནཱ་ཐ་ལ་བརྒྱུད་འགྲོ་ཆོག་པའི་ཆོག་མཆན་གནང་བའི་སྐོར་གཞུང་གིས་གསུངས་བ།

རྒྱ་ནག་གིས་རྒྱ་གར་པ་མཱནསཱརོཝར་ཡཱཏརཱ་ཞེས་པའི་གནས་འཇལ་གནང་མཁན་རྣམས་སུ་སིཀྐིམ་མངའ་སྡེའི་ནང་དུ་ཡོད་པའི་ནཱ་ཐ་ལ་བརྒྱུད་འགྲོ་ཆོག་པའི་ཆོག་མཆན་གནང་བའི་སྐོར་གཞུང་གིས་གསུངས་ཡོད་པ་རེད་འདུག་པ་དང་དེ་ནི་རྒྱ་གར་དང་རྒྱ་ནག་དབར་འབྲོག་ལམ་དཀའ་རྙོག་སྐབས་ནས་བརྒྱུད་ལམ་དེ་སྒོ་རྒྱབ་ཡོད་པ་རེད་འདུག།

དེའང་ཕྱི་སྲིད་བློན་ཆེན་གཞོན་པ་ཝི་ཀེ་སིགཾ་མཆོག་གིས་གྲོས་ཚོགས་འོག་མར་ཁས་ས་ཡིག་ལེན་ཐོག་སྔོན་མའི་ལོ་ལ་གནས་འཇལ་ཆེད་དུ་ལམ་ཁ་དེའི་བརྒྱུད་འགྲོ་མ་ཐུབ་པའི་རྒྱུ་མཚན་ནི་གནས་འཇལ་ལམ་ཁ་དེ་ལེགས་པོ་མེད་པ་དང་གནམ་གཤིས་སྡུག་པོས་རྒྱ་ནག་གིས་གནས་འཇལ་བ་རྣམས་ཀྱི་བདེ་ཐང་ཆེད་དུ་བཀའ་འཁྲོལ་བྱུང་མེད་པ་རེད་འདུག།