སྲུང་སྐྱོབ་དྲུང་ཆེ་སཱནཇེ་མིཏྲཱ་མཆོག་གིས་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་དུ་ཡོད་པའི་རྒྱ་གར་དང་པཱཀིསྟཱན་ས་མཚམས་སྟངས་འཛིན་གྱི་ས་མཚམས་ཞེས་པ་དེར་སྤྱིར་ཡོངས་ཀྱི་གནས་སྟངས་དཔྱད་ཞིབ་བྱེད་ཆེད་དུ་འཚམས་གཟིགས་ལ་ཕེབས་པ།

སྲུང་སྐྱོབ་དྲུང་ཆེ་སཱནཇེ་མིཏྲཱ་མཆོག་གིས་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་དུ་ཡོད་པའི་རྒྱ་གར་དང་པཱཀིསྟཱན་ས་མཚམས་སྟངས་འཛིན་གྱི་ས་མཚམས་ཞེས་པ་དེར་སྤྱིར་ཡོངས་ཀྱི་གནས་སྟངས་དཔྱད་ཞིབ་བྱེད་ཆེད་དུ་འཚམས་གཟིགས་ལ་ཕེབས་ཡོད་པ་རེད་འདུག་   དེའང་སྲུང་སྐྱོབ་ལས་དོན་གྱི་མགྲིན་ཚབ་པ་མཆོག་གིས་རང་རེའི་རླུང་འཕྲིན་ཁང་ལ་དྲུང་ཆེ་མིཏྲཱ་མཆོག་གིས་རྒྱ་གར་པཱཀིསྟཱན་ས་མཚམས་སུ་ཕེབས་པའི་སྐོར་གསུངས་བ་དང་དེར་གནས་སྟངས་ཐོག་ཉམ་ཞིབ་གནང་བ་དང་དམག་མི་དང་དམག་དཔོན་ལྷན་དུ་གྲོས་མོལ་གནང་ཡོད་པ་རེད་འདུག།