རླུང་ཁམས་བཙོག་གྲིབས་དང་འཐབ་རྒོལ་བྱེད་ཆེད་དུ་ལྡི་ལིའི་རླུང་ཁམས་གཙང་བཟོའི་ལས་འགུལ་འགོ་འཛུགས་པ།

ཁས་ས་འཁོར་ཡུག་ལས་དོན་གྱི་བློན་ཆེན་ཌོག་ཊོར་ཧཱརྴ་ཝཱརདན་མཆོག་གིས་ལྡི་ལིའི་ཆབ་སྲིད་བློན་ཆེན་ཨཱརཝིནྜ་ཀེཇརིཝཱལ་མཆོག་དང་མཉམ་དུ་རླུང་ཁམས་བཙོག་གྲིབས་དང་འཐབ་རྒོལ་བྱེད་ཆེད་ཀྱི་ལྡི་ལིའི་རླུང་ཁམས་གཙང་བཟོའི་ལས་འགུལ་འགོ་འཛུགས་ཡོད་པ་རེད་འདུག་   དེའང་འཁོར་ཡུག་ལས་དོན་གྱི་བློན་ཆེན་མཆོག་གིས་དབུས་གཞུང་གིས་རླུང་ཁམས་གཙང་བཟོའི་ཐོག་གང་ཐུབ་ཕྱག་ལས་གནང་གི་ཡོད་པའི་སྐོར་གསུངས་བ་དང་ལས་འགུལ་དེ་འགོ་འཛུགས་པའི་ཉིན་༡༥ ཡི་ལས་འགུལ་ཙམ་མ་མིན་པ་དང་ཉིན་ལྟར་ལས་འགུལ་དེར་མཉམ་བཞུགས་ཐོག་ཕྱག་ལས་གནང་དགོས་པའི་སྐོར་གསུངས་གནང་འདུག།