པཱཀིསྟཱན་གྱིས་མེ་འཕེན་བྱས་པ་དེར་རཉགྱ་གར་དམག་སྲུང་ཞིག་ལ་རྨས་སྐྱོན་ཤོར་བ་དེ་འདས་གྲོངས་སུ་སོང་བ།

པཱཀིསྟཱན་གྱིས་མེ་འཕེན་བྱས་པ་དེར་རཉགྱ་གར་དམག་སྲུང་ཞིག་ལ་རྨས་སྐྱོན་ཤོར་བ་དེ་འདས་གྲོངས་སུ་སོང་ཡོད་པ་རེད་འདུག་   ཁོང་ནི་ཁས་ས་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཨུདཱམུར་ས་ཁུལ་གྱི་དམག་མིའི་སྨན་ཁང་ལ་འདས་གྲོངས་སུ་སོང་ཡོད་པ་རེད་འདུག་   དེའང་པཱཀིསྟཱན་གྱིས་མེ་འཕེན་འཚམས་འཇོག་གི་དམ་བསྒྲགས་ལ་རྩི་འཇོག་མ་བྱེད་པ་ཐེངས་༢༠ པ་དེ་ཡིན་པ་རེད་འདུག།

སྲུང་དམག་གི་རང་རེའི་རླུང་འཕྲིན་ཁང་ལ་གནས་ཚུལ་ལྟར་ན་དམག་མི་ཁོང་ནི་པཱཀིསྟཱན་གྱིས་པུཅཾ་ས་ཁུལ་གྱི་ཤཱཔུར་སྡེ་ཚན་ལ་པཱཀིསྟཱན་རྒྱ་གར་ས་མཚམས་སུ་མེ་འཕེན་བྱས་པ་དེར་རྨས་སྐྱོན་ཤོར་ཡོད་པ་དང་ཨུདཱམ་པུར་ལ་དམིགས་བསལ་སྨན་བཅོས་ཆེད་དུ་དམག་མིའི་སྨན་ཁང་ལ་འཁྲིད་ཡོད་པ་རེད་འདུག།