རྒྱ་གར་གྱི་སྲིད་བློན་མཆོག་གི་གྷབ་ཡུལ་གྲུའི་འཚམས་གཟིགས་ལེགས་གྲུབ་ཟིན་པ།

སྲིད་བློན་མོ་དྷི་མཆོག་ཕེབས་ནས་དཀྱིལ་ཤར་ཁུལ་འབྲེལ་ལམ་ཐད་ལོ་བཞའི་ནང་འགྱུར་མདོག་ཤུགས་ཆེ་ཕྱིན་པ་མ་ཟད་ཚད་མཐོར་སླེབ་ཡོད།སྲིད་བློན་མཆོག་གི་པེ་ལིས་ཏན། ཡུ་ཨེ་ཨི། ཨོ་མན་བཅས་རྒྱལ་ཁབ་གསུམ་གྱི་འཚམས་གཟིགས་ཀྱིས་འབྲེལ་ལམ་རྒྱ་སྐྱེད་གནང་ཐུབ་པ་བྱུང་ཡོད། པེ་ལིས་ཏན་ནས་རྗེས་མོ་དྷི་མཆོག་ཨ་བུ་དྷ་བི་དང་དུ་བྷའི་བཅས་སུ་འཚམས་གཟིགས་ཀྱི་དུ་བྷ་རུ་རྒྱལ་སྤྱི་གཞུང་གི་ཚོགས་ཆེན་ཐོག་དམིགས་བསལ་སྐུ་མགྲོན་གྱི་ཚུལ་དུ་འཕྲུལ་ཆས་དང་ཡར་རྒྱས་ཞེས་བརྗོད་གཞི་ཐོག་གཏམ་བཤད་གནང་།

སྲིད་བློན་མོ་དྷི་མཆོག་ཡུ་ཨེ་ཨི་སྲིད་འཛིན་མཆོག་དང་ཨ་བུ་དྷ་བི་འགོ་འཁྲིད་དང་རྒྱས་སྲས་ཤེག་མོ་མད་ཅས་ཀྱིོ་ལྷན་བཀའ་མོལ་གནང་བ་དང་། དེ་བཞིན་ཡུ་ཨེ་ཨི  ཨི་མིར་མུ་མད་བཅས་ཀྱིས་ལྷན་མཇའ་འཕྲད་གནང་འདུག

སྐུ་ཚབ་ཚད་རིམ་གྱི་གོ་བསྡུར་གནང་བ་དང་གལ་ཆེའི་གནས་དོན་གཅིག་རྒྱ་གར་གྱི་ནུས་པ་(energy)དང་འབྲེལ་མོས་མཐུན་བྱུང་ཡོད། རྒྱ་གར་གི་ཚོང་སྡེ་ཁག་དང་མཉམ་རོགས་རེར་མོས་མཐུན་གྱིས་ཐག་གཅོད་གནང་ཡོད། མིའི་ནུས་པ་གོང་སྤེལ་དང་།  རྒྱ་གར་གྱི་མེ་འཁོར་ལྷན་ཁང་དང་ཡུ་ཨེ་ཨི་ལམ་དང་འགྲིམ་འགྲུལ་བཅས་དབར་གཉིས་མོས་གན་ཡིག་བཞག་གནང་འདུག

མོ་དྷི་མཆོག་གི་གསུང་དོན་ལ་ཁོང་གི་འཚམས་གཟིགས་འདི་བཞིན་རྒྱ་མཚོའི་མཐའ་འབྲེལ་དང་གནད་དོན་གཙོ་བོ་གྷབ་ཁུལ་རྒྱལ་ཁབ་ཁག་དང་མཉམ་ལས་བཅས་ཀྱིས་ཆེད་ཡིན་སྐོར་དང།  རྒྱ་གར་ཕྱི་འབྲེལ་ལས་ཁུངས་ལྟར་ན་ཨི་མི་རེཊ་དང་མཉམ་ལས་སྣ་ཚོགས་ཀྱི་འབྲེལ་ལམ་ཡོད་ཐོག་བསྐྱར་དུ་མཉམ་ལས་ཀྱིས་ཀ་བ་གཅིག་ཁ་ས་སྣོན་གནང་ཡོད།  མོ་དྷི་མཆོག་ནས་ཨ་བུ་དྷ་བི་གཞུང་ནས་ཧིན་དྷུའི་ལྷ་ཁང་བཞེངས་རྒྱུའི་ས་ཆ་སྤྲད་པར་ཐུགས་རྗེ་ཆེ་ཞུས་འདུག

མོ་དྷི་མཆོག་གི་འཚམས་གཟིགས་ཀྱི་འཇུག་བསྡོམས་སྐབས་མ་སི་ཀཊ་(Muscat)སུལ་ཏན་ཀ་བོས་མཆོག་ནས་མགྲོན་འབོད་ལྟར་རྒྱ་ཁབ་གཉིས་ཀྱི་འབྲེལ་ལམ་དང།ས་གནས་དང་རྒྱལ་སྤྱིའི་གནད་དོན་བཅས་ཀྱི་ཐད་མཛའ་མཐུན་དང་འབྲེལ་ལམ་དམ་ཟབ་་ཐོག་བསམ་ཚུལ་བརྗེ་ལེན་གནང་།རྒྱ་གར་དང་ཨོ་མན་གཉིས་ནི་རྒྱ་མཚོའི་ཉེ་འགྲམ་གྱི་ཁྱིམ་མཚེས་རྒྱལ་ཁབ་སྔ་མོ་ནས་རྒྱ་མཚོའི་བརྒྱུད་ཕྱོགས་གཉིས་དབར་རིག་གཞུང་དང་རྒྱལ་ཪབ་བཅས་འབྲེལ་ལམ་ཀྱི་སྟིང་ཟབ་ཡོད་པ་ཞིག་ད་ཆ་འཐབ་བྱུས་ཀྱི་མཐུན་གྲོགས་ཡིད་ཆེས་དང་གུས་བརྩིས་ལྡན་པ་ཞིག་ཆགས་ཡོད།

ཁྱོགས་གཉིས་དབར་གྱི་འབྲེལ་ལམ་ཐད་འདོད་བློ་ཁེངས་པ་བྱུང་བ་དང་།  ལྷག་པར་དུ་བདེ་སྲུང་དང། སྲུང་སྐྱོབས།  ནུས་ཟུངས་བདེ་སྲུང།  ནུས་ཟུངས་བསྐྱར་བཟོ།  ཟ་ཆས་བདེ་སྲུང་བཅས་ཀྱི་ཐད་འབྲེལ་གསར་འཛུགས་གནང་རྒྱུ། དེ་མཚུངས་ཕྱོགས་དབར་གྲོས་མཐུན་དང་གན་ཡིག་བརྒྱད་འཇོག་ཐུབ་པར་འཚམས་འདྲི་དང་མ་འོངས་པར་འབྲེལ་ལམ་དེའི་རྐྱེན་པས་ད་ལྟ་འགྲོ་བཞྀན་པའི་གྲོས་མོས་ཁག་རྒྱ་སྐྱེད་ངང་ལེགས་སྒྲུབ་ཡོང་རྒྱུ་བཅས་བརྗོད་འདུག

རྒྱ་གར་དང་ཨོ་མན་གཉིས་དབར་གཉིས་ཀར་ལ་འབྲེལ་བ་ཡོད་པའི་ས་གནས་དང་རྒྱལ་སྤྱི་གནད་དོན་ནུབ་ཨེ་ཤཡའི་བདེ་སྲུང་དང།  དཀྱིལ་ཤར་དང་ལྷོ་ཨེ་ཤ་ཡ།་བཅས་ཀྱི་ཐད་བསམ་ཚུལ་བརྗེ་ལེན་དང་དོན་ལམ་ཕྱོགས་གཉིས་ནས་ཕན་ཚུན་བསམ་ཤེས་ཐོག་འབྲེལ་དམ་ཟབ་ཀྱིས་གྲུབ་འབྲས་བུ་ལྡན་པ་ཞིག་བྱུང་འདུག

རྒྱལ་ཁབ་གཉིས་ཀའི་དྲག་སྤྱོད་པའི་ཞི་བདེ་དང་། བདེ་སྲུང་ཐད་ཉེན་ཁ་གཏོང་བཞིན་པར་མུ་མཐུད་ཕྱོགས་ནས་ས་གནས་དང་རྒྱལ་སྤྱི་སྟེང་འགོག་ཐབས་གནང་རྒྱུ་དང།  ཕྱོགས་གཉིས་ཀའི་དྲག་སྤྱོད་པའི་རྣམ་པ་དང་དབྱིབས་དེ་བཞིན་ས་ཆ་དང། མི་སུ་ཡིན་ནའང་ཉེས་འཛུགས་ཤུགས་ཆེན་པོའི་ཐོག་གདོང་ལེན་བྱ་རྒྱུ་རེད་འདུག

སྲིད་བློན་མཆོག་གི་གྷབ་ཁུལ་འཚམས་གཟིགས་ཀྱིས་ཕྱོགས་གཉིས་དབར་སྔར་ལྷག་སེམས་ངར་བཅུག་ཡོད།

མ་དཔེ།པ་དྷང་སིང།  ཨེཨཡེ་ཨར་གསར་འགྱུར་ཞིབ་འཇུག་པ།