རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་གིས་ཤྲི་ནཱགར་ནས་ལཤཀར་ཨི་ཏཽབཱ་དྲག་སྤྱོད་པའི་སྡེའི་དྲག་སྤྱོད་པ་ཞིག་བྲོས་ཤོར་བའི་གནད་དོན་ཐོག་དཔྱད་ཞིབ་གནང་རྒྱུ་ཡིན་པ།

རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་གིས་ཤྲི་ནཱགར་གྱི་སྨན་ཁང་ནས་ལཤཀར་ཨི་ཏཽབཱ་དྲག་སྤྱོད་པའི་སྡེའི་དྲག་སྤྱོད་པ་མོཧཱམཱད་ནཱཝིཌ་ཇཱཊྚ་བྲོས་ཤོར་བའི་གནད་དོན་ཐོག་དཔྱད་ཞིབ་གནང་རྒྱུ་ཡིན་པ་རེད་འདུག།

དེའང་རྒྱལ་ཡོངས་དཔྱད་ཞིབ་ལྷན་ཁང་གི་མགྲིན་ཚབ་པ་མཆོག་གིས་ཕྱི་ཟླ་༢ ཚེས་༦ ལ་ཤྲི་ནཱགར་སྨན་ཁང་ལ་སྨན་བཅོས་ཆེད་དུ་འཁྱེར་ཡོང་བའི་དྲག་སྤྱོད་པ་དེའི་བྲོས་ཤོར་སོང་བའི་གནད་དོན་ཐོག་དཔྱད་ཞིབ་བྱེད་རཉགྱུ་ཡིན་པའི་སྐོར་གསུངས་འདུག།