རྒྱལ་སྲུང་བློན་ཆེན་མཆོག་གིས་རྒྱ་གར་པ་ཀིས་ཏན་LoC ས་མཚམས་སུ་ཉེན་སྲུང་གྱི་དོ་དམ་ཤེད་ཤུགས་ཆེ་རུ་གཏོང་བ།

རྒྱལ་སྲུང་བློན་ཆེན་ནིར་མ་ལཱ་སི་ཏ་རམ་མཆོག་གིས་པ་ཀིས་ཏན་གྱིས་མེ་འཕེན་མཚམས་འཇོག་ལ་བརྩི་མེད་གཏོང་སྟེ་ཇ་མུ་ཀཤ་མིར་དུ་དྲག་སྤྱོད་པ་འཇབ་འཛུལ་ལ་རོགས་སྐྱོར་གནང་བར་སྐྱོན་བརྗོད་གནང་འདུག་

བློན་ཆེན་མཆོག་གིས་གསར་འགོད་པར་དབུས་གཞུང་གིས་རྒྱ་གར་པ་ཀིས་ཏན་LoC ས་མཚམས་སུ་འཇབ་འཛུལ་གྱི་འགོག་པར་གློག་རྡུལ་གྱི་གསང་ཞིབ་མྱུལ་ལྟ་ཐབས་ཚུལ་འཛུགས་སྟེ་ཉེན་སྲུང་གྱི་དོ་དམ་ཤེད་ཤུགས་ཆེ་རུ་གཏོང་ཡོད་པ་འགྲེལ་བརྗོད་གནང་འདུག་ རྒྱལ་སྲུང་བློན་ཆེན་མཆོག་རེས་གཟའ་ཟླ་བར་ཇ་མུ་མངའ་སྡེར་ཉེ་འཆར་སུནཇ་ཝན་འཇིག་སྐྱུལ་དྲག་སྤྱོད་རྗེས་ཉེན་སྲུང་གྱི་གནས་སྟངས་ཉམས་ཞིབ་གནང་བར་ཕེབས་ཡོད་དོ།