ལྷོ་སུ་དྷན་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་ཉར་འཚགས་ཀྱི་ལས་གཞི་ཆེད་རྒྱ་གར་གྱི་དམག་མི་2300 འཛུལ་བཞུགས་རོགས་སྐྱོར་གནང་རྒྱུ།

དམག་གི་དབྲལ་བཞིན་པའི་ཨ་ཕི་རི་ཀའི་ལྷོ་སུ་དྷན་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་ཉར་འཚགས་ཀྱི་ལས་གཞི་ཆེད་རྒྱ་གར་གྱི་དམག་མི་2300 འཛུལ་བཞུགས་རོགས་སྐྱོར་གནང་བར་ཕེབས་རྒྱུ་ཡིན་འདུག་

དམག་མིའི་མགྲིན་ཚབ་པ་མདའ་དཔོན་ཨ་མཱན་ཨ་ནདྷཏ་མཆོག་གིས་དམག་གིས་དབྲལ་བཞིན་པའི་ལྷོ་སུ་དྷན་ངོས་སུ་ཞི་བདེ་དང་རྒྱུན་ལྡན་ལྷིང་འཇགས་བསྐྲུན་པར་རྒྱ་གར་གྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་ཉར་འཚགས་ཀྱི་ལས་གཞིར་དམག་མི་2,300 མཐུན་སྦྱོར་གནང་རྒྱུ་ཡིན་པ་བརྗོད་འདུག་གོ་