སི་རི་ལང་ཀར་སྲིད་འཛིན་སི་རི་སེན་དང་སྲིད་བློན་ཝིཀ་རེམ་སིང་གཱ་གཉིས་བར་རྒྱལ་ཡོངས་གཅིག་སྒྲིལ་སྲིད་དོན་ཚོགས་དབུས་གཞུང་གི་མ་འོངས་པའི་ཐོག་མི་མཐུན་པ་བྱུང་བ།

སི་རི་ལང་ཀར་སྲིད་འཛིན་སི་རི་སེན་དང་སྲིད་བློན་ཝིཀ་རེམ་སིང་གཱ་གཉིས་བར་རྒྱལ་ཡོངས་གཅིག་སྒྲིལ་སྲིད་དོན་ཚོགས་དབུས་གཞུང་གི་མ་འོངས་པའི་ཐོག་མི་མཐུན་པ་བྱུང་ཡོད་འདུག་ དེ་ཡང་གསར་འགོད་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་མཆོག་གིས་ཉེ་འཆར་འོས་བསྡུར་རྒྱལ་ཡོངས་གཅིག་སྒྲིལ་ཚོགས་པའི་UNP སྒྲུབ་འབྲས་ཞན་པོ་ཐོན་པར་སྲིད་བློན་མཆོག་ལ་འགན་སླང་ནས་འགན་འཁུལ་ལས་ཕྱིར་འཐེན་གནང་བར་འབོད་པ་ཐོན་ཡོད་འདུག་

སྲིད་འཛིན་ཡིག་ཚང་གིས་UNP གིས་ཡོངས་འགྱུར་སྲིད་དོན་བྱ་སྤྱོད་དང་མངའ་ཁུལ་གྱི་སྲིད་དོན་ཚོགས་པ་ཁག་ལྷན་དུ་མཐུན་སྦྱོར་གནང་སྟེ་མཉམ་བསྲེ་གཞུང་བཟིན་པར་ཐག་གཅོད་གང་ཡང་གནང་མེད་པ་གཞུང་འབྲེལ་གསུང་འཕྲིན་གནང་ཡོད་འདུག་གོ།