སྲིད་བློན་ན་རེན་དར་མོ་དྷི་མཆོག་པེ་ལེས་ཊེ་ནེན་དང་ཡུ་ཨེ་ཨི་ ཨོ་མཱན་བཅས་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་མཛད་འཕྲིན་ལེགས་པར་སྒྲུབ་སྟེ་རང་ཡུལ་དུ་ཕྱིར་སློག་འབྱོར་བ།

སྲིད་བློན་ན་རེན་དར་མོ་དྷི་མཆོག་པེ་ལེས་ཊེ་ནེན་དང་ཡུ་ཨེ་ཨི་ ཨོ་མཱན་བཅས་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་མཛད་འཕྲིན་ལེགས་པར་སྒྲུབ་སྟེ་རང་ཡུལ་དུ་ཕྱིར་སློག་འབྱོར་འདུག་ སྲིད་བློན་མོ་དྷི་མཆོག་གིས་ཨོ་མཱན་རྒྱལ་ཁབ་ཏུ་གཞུང་འབྲེལ་གཟིགས་སྐོར་ཐོག་མ་ཡིན་པ་མ་ཟད་ལྷག་པར་དུ་འདས་པའི་ལོ་གསུམ་བཅུའི་ནང་རྒྱ་གར་གྱི་སྲིད་བློན་ཞིག་པེ་ལེས་ཊེ་ནེན་དུ་གཞུང་འབྲེལ་མཛད་སྒོར་བསྐྱོད་མཁན་སྲིད་བློན་ཐོག་མ་ཡིན་འདུག་

རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གསར་འགོད་པས་སྲིད་བློན་མཆོག་གིས་ཐུག་འཕྲད་གཟིགས་སྐོར་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ད་དུང་གོང་འཕེལ་གཏོང་བ་བརྗོད་འདུག་ སྲིད་བློན་མཆོག་གིས་ཨོ་མཱན་དུ་གཞུང་འབྲེལ་མཛད་འཕྲིན་ལས་ལོ་བརྒྱ་ཕྲག་གཅིག་གི་འབྲེལ་ལམ་གོང་འཕེལ་གཏོང་སྟེ་ཚོང་ལས་དང་མ་འཛུགས་ཀྱི་འབྲེལ་ལམ་དུ་གནོན་ཤུགས་ཕམ་ནུས་ཆེན་པོ་སྒྲུབ་ཐུབ་པ་བརྗོད་འདུག་གོ།