ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡའི་ལྷན་དུ་རྒྱལ་འབྲེལ་གོང་འཕེལ་གཏོང་བའི་བྱེད་སྒོ་སྤེལ་བར་མུ་མཐུད་གནང་བ།

ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡའི་ལྷན་དུ་རྒྱལ་འབྲེལ་གོང་འཕེལ་གཏོང་བའི་བྱེད་སྒོ་སྤེལ་བར་མུ་མཐུད་གནང་ཡོད་འདུག་ ཨ་རི་སྲིད་འཛིན་གཞོན་པ་མཱཡིག་པེནས་མཆོག་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེ་པའི་ཐོག་བྱང་ཀོ་རི་ཡའི་ལྷན་དུ་ཐད་ཀར་གཞུང་འབྲེལ་གྲོས་མོལ་བྱུང་སྲིད་པ་བརྗོད་འདུག་

སྐུ་ཞབས་པེནས་མཆོག་ལྷོ་ཀོ་རི་ཡར་དགུན་དུས་ཨོོ་ལོམ་པིཀ་ལས་ཕྱིར་ལོག་སྟེ་ཝ་ཤིང་ཊན་གསར་འགོད་ལྷན་ཚོགས་སུ་བཅར་འདྲིར་ཏཱ་རམ་གཞུང་གིས་བྱང་ཀོ་རི་ཡར་མུ་མཐུད་གནོན་ཤུགས་འཇོག་ཀྱང་གཞུང་འབྲེལ་གྲོས་མོལ་ལ་འགག་བྱ་མེད་པར་སྲིད་འགུག་གནང་བཞིན་ཡོད་པ་བརྗོད་འདུག་གོ།