ཇཱམུཀཱཤྨིར་མངའ་སྡེའི་ནང་དུ་ཡོད་པའི་ལྷོ་ཀཱཤྨིར་ཀུལགཱམ་ས་ཁུལ་གྱི་ཁུཌཝཱནི་ཝཱནཔོ་ས་གནས་སུ་དྲག་སྤྱོད་པ་འཐབ་རྒོལ་གྱི་ལས་འགུལ་འགྲོ་བཞིན་པའི་ནང་དུ་སྲུང་སྐྱོབ་པ་༣ ལ་རྨས་སྐྱོན་ཤོར་ཡོད་པའི་སྙན་སེང་དུ།

ཇཱམུཀཱཤྨིར་མངའ་སྡེའི་ནང་དུ་ཡོད་པའི་ལྷོ་ཀཱཤྨིར་ཀུལགཱམ་ས་ཁུལ་གྱི་ཁུཌཝཱནི་ཝཱནཔོ་ས་གནས་སུ་དྲག་སྤྱོད་པ་འཐབ་རྒོལ་གྱི་ལས་འགུལ་འགྲོ་བཞིན་པའི་ནང་དུ་སྲུང་སྐྱོབ་པ་༣ ལ་རྨས་སྐྱོན་ཤོར་ཡོད་པའི་སྙན་སེང་བྱུང་ཡོད་པ་རེད་འདུག་   དེའང་མེ་མདའ་ཡི་འཐབ་རྒོལ་དེ་ནི་ཁས་ས་ཕྱི་དྲོར་དྲག་སྤྱོད་པ་ངོས་བཟུང་བྱེད་མ་ཐུབ་པའི་ལྷན་དུ་བྱུང་ཡོད་པ་རེད་འདུག།

རྨས་སྐྱོན་ཤོར་བའི་སྲུང་སྐྱོབ་པ་རྣམས་ནི་གཉིས་དམག་མི་ཡིན་པ་དང་གཅིག་ཟུར་འཇོག་གི་དབུས་སྐོར་སྲུང་བ་ཡིན་པ་དང་ཁོང་རྣམས་ལ་སྲིནཱགར་དུ་ཡོད་པའི་དམག་མིའི་སྨན་ཁང་དུ་སྨན་སྤྱོད་བྱེད་ཆེད་དུ་འཁྲིད་ཡོད་པ་རེད་འདུག་   ད་དུང་སྲུང་སྐྱོབ་པའི་གནས་ཚུལ་ལྟར་ན་ས་འཀུལ་དེར་དྲག་སྤྱོད་པ་གཉིས་སམ་གསུམ་གནས་ཡོད་པའི་སྐོར་བཤད་གསལ་ཡོད་པའི་སྐོར་གསུངསའདུག་པ་དང་ཀུལགཱམ་དང་གཞན་ཁྱིམ་ཚེས་ཨཱནཱནྟནཱག་ས་ཁུལ་དུ་དྲ་རྒྱའི་མཐུན་རྐྱེན་འཚམས་འཇོག་བྱེད་ཡོད་པའི་སྐོར་ཡང་གསུངས་འདུག།