སྲིད་འཛིན་གཞོན་པ་ནཻཌུ་མཆོག་གིས་དབུས་གཞུང་དང་མངའ་སྡེའི་གཞུང་གཉིས་དབར་རུ་ཁག་གཅིག་གི་བཞིན་དུ་མཉམ་ལས་བྱེད་དགོས་སྐོར་གསུངས་བ།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཝེནཀཱཡཱ་ནཻཌུ་མཆོག་གིས་རྒྱལ་ཡོངས་ཀྱི་གནད་དོན་དུ་མའི་ཡར་རྒྱས་འགྲོ་ཆེད་དུ་དབུས་གཞུང་དང་མངའ་སྡེའི་གཞུང་གཉིས་དབར་རུ་ཁག་གཅིག་གི་བཞིན་དུ་མཉམ་ལས་བྱེད་དགོས་སྐོར་གསུངས་ཡོད་པ་རེད་འདུག་པ་དང་ད་དུང་ཁོང་གིས་མངའ་སྡེ་མེད་པ་ན་རྒྱལ་ཁབ་ཡར་རྒྱས་འགྲོ་མ་ཐུབ་པའི་སྐོར་གསུངས་འདུག།

དེའང་ཁས་ས་སྲིད་འདིན་གཞོན་པ་མཆོག་གིས་ཝིཤཱཀཱཔཊནམ་དུ་རྒྱ་གར་གྱི་རྡོ་སྣུམ་དང་ནུས་ཤུགས་ལྟེ་གནས་ཁང་གི་སློབ་ཕྲུག་རྣམས་སུ་བཀའ་སློབ་ལམ་སྟོན་བསྩལ་བའི་ནང་དུ་ཁོང་གིས་གྲོང་གསེབ་ས་ཁུལ་དང་རྒྱལ་སའི་དབར་འབྲེལ་ལམ་ལེགས་སུ་གཏོང་དགོས་པ་དང་དེ་ནི་གྲོང་གསེབ་ས་ཁུལ་དུ་ཡོད་པའི་མི་རྣམས་སུ་རྒྱལ་སའི་མཐུན་རྐྱེན་འབྱོར་ཐུབ་རྒྱུའི་ཆེད་དུ་ཡིན་པའི་སྐོར་གསུངས་འདུག།