རྒྱལ་སྤྱིའི་དངུལ་ཁང་གིས་ད་ལོའི་དངུལ་རྩིསོར་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་7.3 རུ་འཚར་གཞི་འགོད་འདུག།

རྒྱལ་སྤྱིའི་དངུལ་ཁང་གིས་ད་ལོའི་དངུལ་རྩིསོར་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་7.3 དང་དངུལ་རྩིས་ལོ་2019 དང་2022 བརྒྱ་ཆ་7.5 རུ་འཚར་གཞི་འགོད་འདུག་ དེ་ཡང་རྒྱ་གར་གྱི་དཔལ་འབྱོར་ཕྱི་ཟླ་བཅུ་པ་ནས་བཅུ་གཉིས་བར་གྱི་དུས་ཡུན་དུ་ཞིང་ལས་དང་བཟོ་སྐྲུན་ བཟོ་ལས་ དེ་བཞོན་ཞབས་ཞུའི་སེཀ་ཊར་འགའ་ཤས་བཅས་ཀྱིས་བྱ་སྤྱོད་ལེགས་པའི་རྐྱེན་གྱིས་རྒྱ་གར་གྱི་དཔལ་འབྱོར་བརྒྱ་ཆ་7.2%རུ་འཕེལ་རྒྱས་ཕྱིན་ཡོད་འདུག་ ད་ལོའི་གཞུང་འབབ་ཀྱི་ལས་དོན་དུས་ཡུན་དུ་སྔ་ལོའི་བརྒྱ་ཆ་7.1% ལས་རྒུད་དེ་བརྒྱ་ཆ་6.6% རུ་གནས་རྒྱུ་ཡིན་པ་དབུས་རྣམ་གྲངས་ཡིག་ཚང་CSO ཡིས་འཆར་རྩིས་རྒྱག་ཡོད་དོ།