ཨིན་ཌོ་ནེ་ཤི་ཡའི་རྒྱལ་ནང་དུ་ཁང་བཟང་རྡིབ་སྐྱོན་བྱུང་བས་མི་བདུན་འདས་གྲོངས་སུ་སོང་བ།

ཨིན་ཌོ་ནེ་ཤི་ཡའི་རྒྱལ་ནང་དུ་ཁང་བཟང་རྡིབ་སྐྱོན་བྱུང་བས་ཉུང་མཐར་ཕྲུ་གུ་བདུན་འདས་གྲོངས་སུ་སོང་ཡོད་པ་རེད་འདུག།

དེའང་ཁང་པ་དེའི་ནང་དུ་ཕྲུ་གུ་རྣམས་གླུ་གར་གྱི་གཟིགས་མོའི་སྦྱོང་བརྡར་བྱེད་སྐབས་རྡིབ་སྐྱོན་ཤོར་ཡོད་འདུག་པ་དང་དེ་ནི་ཇ་ཀར་ཏ་ཡི་ཤར་ཕྱོགས་ཀི་ལོ་མི་ཊར་༢༢༠ ཙམ་དུ་སི་རེ་བོན་ས་ཁུལ་ལ་བྱུང་ཡོད་པ་རེད་འདུག།