དིཔཀ་མིཤྲཱ་མཆོག་གི་ཕྱིར་འབུད་བྱེད་ཆེད་ཀྱི་གནད་དོན་ཐོག་ཁྲིམས་ཞིབ་པ་༥ བྱེད་པའི་ལྷན་ཚོགས་ཀྱིས་དེ་རིང་གསན་རྒྱུ་ཡིན་པ།

རྒྱལ་ཁབ་ཀྱི་ཁྲིམས་ཞིབ་པ་ཆེན་པོ་དིཔཀ་མིཤྲཱ་མཆོག་གི་ཕྱིར་འབུད་བྱེད་ཆེད་ཀྱི་གནད་དོན་ཐོག་ཁྲིམས་ཁང་མཐོ་བའི་ཁྲིམས་ཞིབ་པ་༥ བྱེད་པའི་ལྷན་ཚོགས་ཀྱིས་དེ་རིང་གསན་རྒྱུ་ཡིན་པ་རེད་འདུག་   དེའང་ཁྲིམས་རྩོད་དེ་ནི་ཀོང་རེས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་འགོ་འཛུགས་བྱེད་ཡོད་པ་དང་ཁྲིམས་རྩོད་ཀྱི་གནད་དོན་ཐོག་གྲོས་ཚོགས་གོང་མའི་ཚོགས་གཙོ་ཝེནཀཱཡཱ་ནཻཌུ་མཆོག་གིས་དེ་སྔོན་ཁས་ལེན་བྱེད་མེད་པས་རྩི་མེད་གཏོང་བ་དང་དེར་འགལ་ཟླའི་ཁྲིམས་རྩོདའགོ་བཙུགས་ཡོད་པ་རེད་འདུག།