ཕྱི་སྲིད་བློན་ཆེན་སུཤམཱ་སྭཱརཱཇ་མཆོག་གིས་ཤང་གེ་མཉམ་སྦྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཇེ་ནེ་རལ་ར་ཤིད་ཨ་ལི་མོཝ་མཆོག་དང་མཇལ་འཕྲད་གནང་བ།

ཕྱི་སྲིད་བློན་ཆེན་སུཤམཱ་སྭཱརཱཇ་མཆོག་གིས་ཤང་གེ་མཉམ་སྦྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཇེ་ནེ་རལ་ར་ཤིད་ཨ་ལི་མོཝ་མཆོག་དང་ཁས་ས་རེས་གཟའ་མིག་དམར་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་ཡོད་པ་རེད་འདུག་   དེའང་ཕྱི་སྲིད་བློན་ཆེན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་མཆོག་གིས་རྒྱ་གར་རྒྱལ་ཁབ་ཤང་གེ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཆ་ཤས་སུ་ཕྱི་ལོ་༢༠༡༧ ཟླ་༦ ལ་བཞུགས་ཡོད་པ་དང་ལྷན་ཚོགས་དེར་ས་གནས་ཀྱི་ལས་གཞི་གང་ལེགས་ཡོང་ཆེད་དུ་མཉམ་སྦྲེལ་གང་ཡོང་བྱེད་རྒྱུ་ཡིན་པའི་སྐོར་གསུངས་གནང་འདུག།