ཁས་ས་ཕྱི་དྲོ་བར་ཁྱབ་བསྒྲགས་བྱས་ཟིན་པས་ཀཱརནཱཊཱཀ་མངའ་སྡེའི་ནང་དུ་གྲོས་ཚོགས་འཐུས་མིའི་འོས་བསྡུ་སང་ཉིན་བྱེད་རྒྱུ་ཡིན་པ།

ཁས་ས་ཕྱི་དྲོ་བར་ཁྱབ་བསྒྲགས་བྱས་ཟིན་པས་ཀཱརནཱཊཱཀ་མངའ་སྡེའི་ནང་དུ་གྲོས་ཚོགས་འཐུས་མིའི་འོས་བསྡུ་སང་ཉིན་བྱེད་རྒྱུ་ཡིན་པ་རེད་འདུག་   ད་དུང་འོས་བསྡུ་ལྷན་ཁང་གིས་ཆབ་སྲིད་ཚོགས་པ་དང་གསར་འགོད་པ་རྣམས་སུ་ལམ་སྟོན་བྱེད་ཡོད་པ་དང་དེར་འོས་བསྡུ་མཇུག་མ་བསྡུ་བར་དུ་བཟང་སྤྱོད་འཁྱེར་དགོས་སྐོར་གསུངས་ཡོད་པ་རེད་འདུག།

དེའང་བདུན་ཕྲག་སྔོན་མར་སྲིད་བློན་མཆོག་གིས་གོང་བཤད་བཟིན་པའི་དྲ་རྒྱའི་བརྒྱུད་ལམ་དེའི་ཐོག་ཀརནཱཊཱཀ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་ཤོག་ཐོག་བི་ཇེ་པི་ཆབ་སྲིད་ཚོགས་པའི་འོས་མི་རྣམས་དང་ཡིག་ཚང་གི་ལས་བྱེད་དང་འོས་ཤོག་སྐུ་ཚབ་རྣམས་ཀྱི་ལྷན་དུ་བཀའ་མོལ་གནང་ཡོད་པ་རེད་འདུག།