སྲིད་འཛིན་གཞོན་པ་ཝེནཀཱཡཱ་ནཻཌུ་མཆོག་པེ་རུ་ལ་འབྱོར་བ།

སྲིད་འཛིན་གཞོན་པ་ཝེནཀཱཡཱ་ནཻཌུ་མཆོག་ཁས་ས་དབུས་ཨ་མེ་རི་ཀའི་རྒྱལ་ཁབ་གསུམ་གྱི་འཚམས་གཟིགས་ནས་རྒྱལ་ཁབ་གསུམ་པའི་འཚམས་གཟིགས་པེ་རུ་འབྱོར་ཡོད་པ་རེད་འདུག།

ཁོང་རང་གི་པེ་རུ་ལ་འཚམས་གཟིགས་སུ་ཁོང་གིས་རྒྱལ་ཁབ་དེའི་འགོ་འཁྲིད་རྣམས་དང་མཇལ་ཕྲད་གནང་རྒྱུ་ཡིན་པ་དང་ཁོང་རྣམས་ཀྱི་ལྷན་དུ་རྒྱལ་ཁབ་གཉིས་པོའི་དབར་མཐུན་ཕྱོགས་ཀྱི་ལས་དོན་རྣམས་ཀྱི་ཐོག་གྲོས་མོལ་གནང་རྒྱུ་རེད་འདུག།
དེའང་པེ་རུ་ནི་ལེ་ཊིན་ཨ་མེ་རི་ཀ་དང་ཀེ་རེ་བི་ཡེན་ས་ཁུལ་ནང་ནས་ཡིན་པའི་རྒྱ་གར་རྒྱལ་ཁབ་ཀྱི་ཕྱག་སྦྲེལ་རྒྱལ་ཁབ་གལ་ཆེན་ཅན་དུ་བྱུང་གིས་ཡོད་པ་རེད་འདུག་གོ།