ཇཱམུ་ཀཱཤམིར་མངའ་སྡེར་དབུས་ཟུར་འཇོག་གི་སྐོར་སྲུང་བའི་རུ་ཁག་དྲག་སྤྱོད་པ་དང་འཐབ་རྒོལ་བྱེད་པའི་ནང་དུ་པུལཝཱམཱ་ལ་དེ་རིང་སྐོར་སྲུང་བ་ཞིག་འདས་གྲོངས་སུ་ཕྱིན་པ།

ཇཱམུ་ཀཱཤམིར་མངའ་སྡེར་དབུས་ཟུར་འཇོག་གི་སྐོར་སྲུང་བའི་རུ་ཁག་དྲག་སྤྱོད་པ་དང་འཐབ་རྒོལ་བྱེད་པའི་ནང་དུ་པུལཝཱམཱ་ལ་དེ་རིང་སྐོར་སྲུང་བ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་རེད་འདུག།

ཇཱམུ་ཀཱཤྨིར་མངའ་སྡེར་པུལཝཱམཱ་ས་ཁུལ་གྱི་ལེཐཔོརཱ་ལ་ཡོད་པའི་དམག་སྒར་ལ་ཁས་ས་དྲག་སྤྱོད་པས་འཐབ་རྒོལ་བྱས་པ་དེར་དམག་མིས་དྲག་སྤྱོད་པ་ཆ་ཚང་༣ ལ་གསོད་ཡོད་པ་རེད་འདུག་   དེའང་མངའ་སྡེའི་སྐོར་སྲུང་བའི་འགོ་དཔོན་ཨེས་པི་ཝེཌ་མཆོག་གིས་རང་རེའི་རླུང་འཕྲིན་ཁང་ལ་དྲག་སྤྱོད་པ་འཐབ་རྒོལ་བྱེད་མཁན་ཚང་མ་གསོད་ཐུབ་ཡོད་སྐོར་གསུངས་གནང་འདུག་པ་དང་ཡིན་ན་ཡང་དམག་མི་༤ འདས་གྲོངས་སོང་ཡོད་པ་དང་དམག་དཔོན་ཞིག་ལ་སེམས་ཀྱི་ན་ཚས་གྲོངས་ཡོད་སྐོར་ཡང་གསུངས་འདུག།