སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་ཇེཔུར་ནས་ཨཇམེར་དུ་ཕེབས་རྒྱུ་ཡིན་པ།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་དེ་རིང་ཞོགས་པར་ཇེཔུར་ནས་ཨཇམེར་དུ་ཕེབས་རྒྱུ་ཡིན་པ་རེད་འདུག་   ཁོང་གིས་པུཤཀར་དུ་ཡོད་པའུ་པུཤཀར་སཱརོཝར་དང་བྲཱམཱ་ཧིནདུའི་ལྷ་ཁང་དུ་ཕེབས་རྒྱུ་ཡིན་པ་དང་ཨཇམེར་དུ་ཡོད་པའི་ཁ་ཆེའི་བླ་མ་ཁྭཇཱ་མོནུདིན་ཅིསཏི་ཡི་ལྷ་ཁང་ལའང་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག་   འཚམས་གཟིགས་ཀྱི་ཆེད་དུ་སྲུང་སྐྱོབ་པ་ཟབ་རྒྱས་ཞུ་ཡོད་པའི་སྐོར་ཡང་ཤེས་གསལ་འདུག།