ཨོཌིཤཱ་མངའ་སྡེར་འཐབ་རྒོལ་གཉིས་སུ་སྲུང་སྐྱོབ་པ་དང་གདོང་ཐུག་སྐབས་སུ་མའོ་དྲག་སྤྱོད་པ་༦ གསོད་པ།

ཁས་ས་ཨོཌིཤཱ་མངའ་སྡེའི་ཀཱནདཱམལ་དང་བཱལཱགཾིར་ས་ཁུལ་དུ་འཐབ་རྒོལ་གཉིས་སུ་སྲུང་སྐྱོབ་པ་དང་གདོང་ཐུག་སྐབས་སུ་མའོ་དྲག་སྤྱོད་པ་༦ གསོད་ཡོད་པ་རེད་འདུག་པ་དང་དེའི་ནང་ནས་གཉིས་བུད་མེད་གཉིས་ཡིན་པ་རེད་འདུག་  དེའང་མངའ་སྡེའི་སྐོར་སྲུང་བའི་དཔོན་པོ་ཨར་པི་ཀོཆེ་མཆོག་གིས་མའོ་བཞི་དང་དེའི་ནང་ནས་བུད་མེད་གཉིས་ཀཱནདཱམལ་གོལཀཾི་གྲོང་གསེབ་ཀྱི་སུཌུཀུམཔཱ་ནག་ཚལ་དུ་གསོད་ཡོད་པ་དང་ནག་སལ་དྲག་སྤྱོད་པ་གཉིས་བཱལཱགཾིར་ས་ཁུལ་གྱི་དུདཀཱམལ་གྲོང་གསེབ་ཏུ་མེ་མདའ་རྒྱབ་སྟེ་གསོད་ཡོད་སྐོར་གསུངས་འདུག།