ཀར་ན་ཊ་ཀ་མངའ་སྡེའི་འོས་བསྡུར་སྲིད་དོན་ཚོགས་པ་གཅིག་ལ་འང་གཞུང་འཛིན་ཆོག་པའི་མང་མོས་མ་ཐོབ་པར་སྲིད་དོན་བྱ་སྤྱོད་ཇེ་ཆེར་སོང་བ།

ཁ་སང་ཀར་ན་ཊ་ཀ་མངའ་སྡེའི་འོས་བསྡུ་སྒྲུབ་འབྲས་གསཀ་བསྒྲལ་སུ་སྲིད་དོན་ཚོགས་པ་གཅིག་ལའང་གཞུང་འཛིན་ཆོག་པའི་དམངས་གཅོའི་མང་མོས་མ་ཐོབ་པར་གཞུང་འཛིན་ཆེད་སྲིད་དོན་གྱི་བྱ་སྤྱོད་ཇེ་ཆེར་སོངབཞིན་ཡོད་འདུག་ བི་ཇེ་པི་དང་ཀོང་རེ་སི་ ཇེ་གྲི་ཨེས་སྲིད་དོན་ཚོགས་པ་གསུམ་གྱིས་བེན་གྷ་ལོར་གྲོང་འཁྱེར་དུ་རང་རེའི་འགོ་ཁྲིད་ཐག་གཅོད་ཆེད་ཚོགས་འདུ་ཚུགས་འདུག་ བི་ཇེ་པི་ཡི་སྲིད་དོན་ལྷན་ཚོགས་སུ་དབུས་གཞུང་བློན་ཆེན་ཇེ་པི་ནཱ་གྲ་དང་རྡར་མེན་དྷཱ་རཔར་རྡན་གཉིས་ཉམས་ཞུགས་གནང་རྒྱུ་ཡིན་འདུག་ དེ་བཞིན་ཀོང་རེས་ཀྱི་འགོ་ཁྲིད་ཁག་ཇེ་གྲི་ཨེས་ཀྱི་དབུ་ཁྲིད་རྡེ་ཝ་གྷའུ་རེ་ལྷན་དུ་མངའ་སྡེར་མཉམ་བསྲེ་ཡི་གཞཡང་བཟིན་པར་ཐུག་འཕྲད་གྲོས་མོལ་གནང་རྒྱུ་ཡིན་འདུག་ དེ་ཡང་མངའ་སྡེ་འོས་བསྡུར་བི་ཇེ་པི་སྲིད་དོན་ཚོགས་པར་ཞབས་སྟེགས་ཁྱོན་222 ལས་104 ཐོབ་ནས་ཚོགས་ོ་ཆེ་ཤོས་སུ་འགྱུར་བ་དང་དེ་རྗེས་ཀོང་རེ་སི་ལ་78 དང་ཇེ་གྲི་ཨེས་ལ་38 ཐོབ་ཡོད་འདུག་ ཁས་ས་ཕྱི་དྲོ་བི་ཇེ་པི་སྲིད་དོན་ཚོགས་པ་དང་ཀོང་རེས་དང་ཇེ་གྲི་ཨེས་མཐུན་ཕྱོགས་གཉིས་ཀྱིས་མངའ་སྡེ་སྲིད་སྐྱོང་ཝ་ཇུ་བའི་ཡཱ་ལ་ཐུག་སྟེ་གཞུང་འཛིན་ཆོག་པའི་ཆོག་མཆན་འབོད་འདུག་ ཡིན་ཡང་མངའ་སྡེ་སྲིད་སྐྱོང་མཆོག་གིས་ངོས་གཉིས་ཀར་འོས་བསྡུ་ལྷན་ཁང་གིས་གྲུབ་འབྲས་ཆ་ཚང་གསལ་བསྒྲགས་གནང་བར་རེ་སྒུག་གནང་བར་འབོད་དོ།