ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཨཱནནྟནཱག་ལ་དྲག་སྤྱོད་པའི་འཐབ་རྒོལ་གྱི་ནང་དུ་སྐོར་སྲུང་བ་ཞིག་གསོད་པ།

ཁས་ས་རེས་གཟའ་མིག་དམར་གྱི་ཕྱི་དྲོར་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཨཱནནྟནཱག་ས་ཁུལ་དུ་བིཇབེཧཱརཱ་གྲོང་སྡེར་དྲག་སྤྱོད་པའི་འཐབ་རྒོལ་གྱི་ནང་དུ་སྐོར་སྲུང་བ་ཞིག་གསོད་ཡོད་པ་རེད་འདུག།

རྒྱ་གར་གྱི་ཇ་མུ་ཀཤ་མིར་མངའ་སྡེ་ཡི་ཨ་ནཏ་ནག་རྫོངས་ཀྱི་བིཇ་བེ་ཧ་ར་ས་ཁུལ་དུ་རྒྱལ་སྲུང་དམག་མི་ཡིས་ཟུང་འབྲེལ་དམག་དོན་ལས་འགུལ་དུ་འཇིག་སྐྱུལ་རིང་ལུགས་པ་ཧིཛ་བུལ་མུ་ཇ་ཧི་དྷིན་ཚོགས་སྡེ་ཡི་ཨེཧ་དྷིལ་ཨཧ་མཏ་འཛིན་བཟུང་གནང་འདུག་ འཇིག་སྐྱུལ་རིང་ལུགས་པ་ཨེཧ་དྷིལ་ནི་སྔར་རྒྱལ་སྲུང་དམག་མི་དང་གྲོང་གསེབ་ཀྱི་པན་ཅ་ཡཏ་ལས་སྣེ་པར་དྲག་སྤྱོད་ཀྱི་གནོད་འཚེ་ཐད་འཛིན་བཟུང་དགོས་པའི་ནག་ཉེས་འཛུགས་པའི་གང་ཟག་ཞིག་ཡིན་འདུག་ ཁོ་བོའི་འཛིན་བཟུང་ནི་འཇིག་སྐྱུལ་རིང་ལུགས་ཚོགས་སྡེ་Lashkar-e-Taibaཡི་འགོ་དཔོན་ཨ་བུ་ཨིས་མལ་དང་ཁོང་གི་ཕྱག་སྦྲེལ་དང་རྒྱལ་སྲུང་དམག་མི་བར་མེ་མདའ་རྒྱག་རེ་ཐུག་སྟེ་ཁོང་གཉིས་གསོད་པའི་ཉིམ་དྲུག་རྗེས་ཡིན་འདུག་གོ་