མེ་འཁོར་ལས་དོན་གྱི་བློན་ཆེན་གཞོན་པ་མནོཇ་སིནྷ་མཆོག་གིས་དཱརབཱགཱཾ་ཇལནདར་རྒྱལ་སའི་མགྱོགས་འགྲོའི་མེ་འཁོར་གྱི་དབུ་འབྱེད་གནང་བ།

མེ་འཁོར་ལས་དོན་གྱི་བློན་ཆེན་གཞོན་པ་མནོཇ་སིནྷ་མཆོག་གིས་རྒྱལ་ས་ལྡི་ལི་ནས་གློག་བརྙན་རྒྱང་སྲིང་ཐོག་དཱརབཱགཱཾ་ཇལནདར་རྒྱལ་སའི་མགྱོགས་འགྲོའི་མེ་འཁོར་གྱི་དབུ་འབྱེད་གནང་ཡོད་པ་རེད་འདུག་   དེའང་མེ་འཁོར་དེ་ནི་བདུན་ཕྲག་རེ་རེར་ཐེངས་གཅིག་རེ་འགྲོ་རྒྱུ་ཡིན་པ་རེད་འདུག།

ད་དུང་བློན་ཆེན་མཆོག་གིས་མཛད་སྒོ་དེར་རྒྱ་གར་མེ་འཁོར་ལས་དོན་ལྷན་ཁང་གིས་རྒྱ་གར་རྒྱལ་ཡོངས་སུ་མཐུད་བྱེད་ཀྱི་ལས་དོན་ཐོག་ལས་གཞི་བརྩམས་ཀྱིས་ཡོད་པ་དང་འགྲིམ་འགྲུལ་གང་ལེགའ་ཡོང་ཆེད་ཀྱི་འབད་རྩོན་བྱེད་ཀྱིས་ཡོད་སྐོར་ཡང་གསུངས་འདུག།