རྒྱ་གར་གྱིས་བལ་ཡུལ་གྱི་གཙང་པོ་དང་ཁ་འགྲམ་གྱི་ས་རྒྱུད་ངོགས་སོགས་ལེགས་བཟོ་གནང་སླད་རོགས་སྐྱོར་དངུལ་འབབ་བལ་ཡུལ་ཧིན་སྒོར་་ས་ཡ་18.07 གནང་བ།

རྒྱ་གར་གྱིས་བལ་ཡུལ་གྱི་ལཱལ་བྷ་ཀེ་ཡ་དང་བྷག་མཱ་ཊི་དང་ཀམ་ལཱ་གཙང་པོ་ཁག་དང་ཁ་འགྲམ་གྱི་ས་རྒྱུད་ངོགས་སོགས་ལེགས་བཟོ་གནང་སླད་རོགས་སྐྱོར་དངུལ་འབབ་བལ་ཡུལ་ཧིན་སྒོར་་ས་ཡ་18.07 གནང་ཡོད་འདུག་ རྒྱ་གར་གྱི་བལ་ཡུལ་གཞུང་ཚབ་པ་མན་ཇིཝ་སིང་པུ་རི་མཆོག་གིས་བལ་ཡུལ་གྱི་ནུས་པ་དང་ཞིང་ཆུ་འདྲེན་ལས་དང་གཙང་ཆུ་ལྷན་ཁང་གི་དྲུང་ཆེ་སན་ཇེ་ཤར་མཱ་མཆོག་ལ་རྒྱ་གར་གྱི་རོགས་དངུལ་ཅེག་འཛིན་ཕུལ་འདུག་གོ།