ཁས་ས་རྒྱ་ནག་གཞུང་གིས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་ལོ་རྒྱུས་ཅན་གྱི་ཞི་མོལ་ཐག་གཅོད་བྱུང་བ་བཞིན་མུ་མཐུད་གནང་བར་འབོད་པ།

ཁས་ས་རྒྱ་ནག་གཞུང་གིས་ཨ་རི་ཀྱི་ས྄ེིད་འཛིན་གྲོ་ནལ་ཀྲ་ཏམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གཉིས་བར་གྱི་ལོ་རྒྱུས་ཅན་གྱི་ཞི་མོལ་ཐག་གཅོད་བྱུང་བ་བཞིན་མུ་མཐུད་གནང་བར་འབོད་འདུག་ དེ་ཡང་ཁ་སང་ལྷོ་ཀོ་ཡ་དང་ཨ་རི་གཉིས་བར་གྱི་ཟུང་འབྲེལ་དམག་སྦྱོང་རྗེས་དེ་རིང་གི་ཐག་གཅོད་བྱུང་བའི་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་ཆེ་གྲིས་ཞི་མོལ་ལས་བྱང་ཀོ་རི་ཡས་ཕྱིར་འཐེན་བྱེད་འདུག་ དེ་ཡང་རེས་གཟའ་པ་སངས་སུ་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་དམག་དོན་གནམ་གྲུ་100 ལྷག་གིས་Max Thunder drills ཞེས་མཚན་རྟགས་དམག་སྦྱོང་གནང་འདུག་ བྱང་ཀོ་རི་ཡའི་གཞུང་འབྲེམ་གསར་འགོད་ཁང་KCNA ཡིས་དམག་སྦྱོང་དེ་དག་ནི་དཀྲོག་རྐྱེན་གི་གཞི་དང་བཙན་བཟུང་གི་སྦྱོང་བསྡར་དུ་ངོས་འཛིན་ཡིན་བཅས་ཉེས་འཛུགས་གནང་འདུག་ དེ་ཡང་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དབུས་སུ་དམག་ཤུགས་ཕྱིར་བསྡུ་གནང་བའི་ས་གནས་སུ་སྔར་གཟའ་འཁོར་འདིར་དབུ་ཁྲིད་རྣམ་གཉིས་བར་ཞི་མོལ་ཐག་གཅོད་བྱུང་ཡོད་ ལྷག་པར་དུ་བྱང་ཀོ་རི་ཡས་ཟླ་བ་རྗེས་མར་ཐག་གཅོད་བྱུང་བའི་ཨ་རི་ཡི་སྲིད་འཛིན་གྲོ་ནལ་ཀྲ་རམ་ལྷན་དུ་རེ་འདུན་ཤུགས་ཆེན་གནང་བཞིན་པའི་གྲོས་མོལ་མེད་ལར་བཟོས་པའི་ཉེན་བརྡ་གནང་འདུག་ ཡིན་ཡང་ཨ་རི་གཞུང་གི་མགྲིན་ཚབ་པས་ཨ་རི་དང་ལྷོ་ཀོ་ཡ་གཉིས་བར་གྱི་དམག་སྦྱོང་དེ་རྒྱལ་སྲུང་གི་དམིགས་ཡུལ་ལས་གཞན་གང་ཡང་མིན་པ་དང་ཡོངས་འགྱུར་གྱི་ཨ་རི་དང་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་ཀྱི་གྲོས་མོལ་ལ་རེ་སྒུག་གྲ་སྒྲིག་གནང་བཞིན་ཡོད་པ་གསལ་བཤང་གནང་ངོ།