དབུས་གཞུང་གིས་ཇ་མུ་ཀཤ་མིར་མངའ་སྡེར་རམ་ཛན་དུས་ཆེན་དུ་ཉེན་སྲུང་དམག་མི་ལ་དམག་དོན་ལས་གཞི་གང་ཡང་མ་སྤེལ་བར་བཀའ་གཏོང་བ།

ཁ་སང་རེས་གཟའ་ལྷག་པར་དབུས་གཞུང་གིས་ཇ་མུ་ཀཤ་མིར་མངའ་སྡེར་ཆོས་ལྡན་རམ་ཛན་དུས་ཆེན་དུ་ཉེན་སྲུང་དམག་མི་ལ་དམག་དོན་ལས་གཞི་གང་ཡང་མ་སྤེལ་བར་བཀའ་གཏོང་འདུག་ དེ་ཡང་དབུས་ནང་སྲིད་བློན་ཆེན་རཇ་ནཏ་སིང་མཆོག་གིས་ཏུའི་ཊར་དུ་ཉེན་སྲུང་དམག་མི་ལ་རམ་ཛན་ཆོས་ལྡན་དུས་ཆེན་དུ་ཞི་བདེ་ལྷིང་འཇག་གནས་བར་ཕན་ནུས་གྲུབ་པ་དམག་དོན་ལས་གཞི་གང་ཡང་མ་སྤེལ་ཡང་གལ་ཏེ་དྲག་སྤྱོད་སྤེལ་ཚེ་ཡ་ལན་གནང་ཆོག་པའི་ཆོག་མཆབ་ཡོད་བཅས་བརྗོད་འདུག་གོ།