ཡེཌཡུརཔཱ་མཆོག་དེ་རིང་ཀརནཱཊཀའི་ཆབ་སྲིད་བློན་ཆེན་དུ་བསྐོ་གཞག་གནང་རྒྱུ་ཡིན་པ།

བི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་བི་ཨེས་ཡེཌཡུརཔཱ་མཆོག་དེ་རིང་ཀརནཱཊཀའི་ཆབ་སྲིད་བློན་ཆེན་དུ་བསྐོ་གཞག་གནང་རྒྱུ་ཡིན་པ་རེད་འདུག།

དེའང་ཁོང་གི་བསྐོ་གཞག་མ་གནང་གོང་དུ་ཁས་ལེན་དམ་བཅའ་ལེན་ཆེད་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝཱཇུབཱཡི་ཝཱལཱ་མཆོག་གིས་གནང་རྒྱུ་ཡིན་པ་དང་རཱཇ་བཱཝཱན་དུ་གནང་ཁས་ལེན་དམ་བཅའ་གནང་རྒྱུ་ཡིན་པ་རེད་འདུག།