རྒྱ་གར་གནམ་གཤིས་ཚན་པས་དེ་རིང་རྒྱལ་ཡོངས་ཀྱི་ས་གནས་དུ་མར་རླུང་འཚུབ་དང་ལྡིར་སྒྲ་ལྷན་འཛོམས་ཀྱི་སྔོན་བརྡ་གཏོང་གནང་བ།

རྒྱ་གར་གནམ་གཤིས་ཚན་པས་དེ་རིང་རྒྱལ་ཡོངས་ཀྱི་ས་གནས་དུ་མར་རླུང་འཚུབ་དང་ལྡིར་སྒྲ་ལྷན་འཛོམས་ཀྱི་སྔོན་བརྡ་དང་གཞན་ཐལ་གྱི་རླུང་འཚུབ་བཅས་ཡོང་རྒྱུའི་སྔོན་བརྡ་གཏོང་གནང་ཡོད་པ་རེད་འདུག།

དེའང་ལམ་སྟོན་ལྟར་ན་དེ་རིང་རླུང་འཚུབ་དྲག་པོ་དང་གློ་བུར་རླུང་འཚུབ་བཅས་ནུབ་བཱགཾལ་དང་ཨོཌིཤཱ་མངའ་སྡེའི་ས་ཁུལ་ཁ་ཤས་སུ་རྒྱབ་རྒྱུ་ཡིན་སྐོར་ཞུས་འདུག།