རྒྱ་གར་གྱིས་ཀོ་རི་ཡའི་གློངཕྲན་དུ་ཞི་བདེ་ལྷིང་འཇག་གནས་པར་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་ཆེ་གྲོས་ཞི་མོལ་ལ་བསྐྱར་ནན་གནང་པ།

རྒྱ་གར་གྱིས་ཀོ་རི་ཡའི་གློངཕྲན་དུ་ཞི་བདེ་ལྷིང་འཇག་གནས་པར་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་ཆེ་གྲོས་ཞི་མོལ་མུ་མཐུད་གནང་བར་བསྐྱར་ནན་གནང་འདུག་ དེ་ཡང་བྱང་ཀོ་རི་ཡས་ཟླ་བར་རྗེས་མའི་ཚེས་23 ནས་25 ནང་རང་རྒྱལ་གྱི་རྡུལ་ཕྲན་མཆོན་ཆའི་ཚོད་ལྟའི་ས་གནས་གཏོར་ཤིག་གཏོང་རྒྱུ་ཡིན་བཅས་བརྗོད་འདུག་ རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་་ས་གནས་དེ་བྱང་ཀོ་རི་ཡའི་བྱང་ཤར་ངོས་སུ་ཆག་ཡོད་འདུག་ དེ་ཡང་ཟླ་བ་བཞི་པའི་ཚེས་༢༧ ལ་བྱང་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འགོ་ཁྲིད་རྣམས་ཀྱིས་ལོ་རྒྱུས་ཅན་གྱི་ལྷན་ཚོགས་ཚོགས་འདུ་ཚུགས་ཐག་གཅོད་ཡོད་འདུག་ དེ་ཡང་རེས་གཟའ་ཕུར་བུར་བྱང་ཀི་རི་ཡའི་པན་མུནཇོམ་གྲོང་སྡེར་རྒྱལ་ཁབ་གཉིས་ཀྱིས་བློན་ཆེན་ཁག་གི་་གྲོས་མོལ་གནང་རྗེས་ངོས་གཉིས་ཀྱི་གཞུང་འབྲེལ་གྲོས་མོལ་གནང་རྒྱུའི་ཐག་གཅོད་གནང་ཡོད་འདུག་ ངོས་གཉིས་ཀྱི་ཟུང་སྦྲེལ་གསར་འགོད་གཏམ་བཤད་དུ་བྱང་ཀོ་རི་ཡའི་སྲད་འཛིན་མུན་ཇེཨེ་ཨིན་དང་ལྷོ་ཀོ་རི་ཏའི་འངོ་ཁྲིད་ཀིམ་ཇུང་ཨུན་གཉིས་བྱང་ཀོ་རི་ཡའི་པན་མུ་ཇོམ་གྲོང་སྡེར་ཐུག་འཕྲད་གྲོས་མོལ་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ངོ།