རྒྱལ་ཡོངས་IPL ཀི་རི་ཀེཊ་རྩེད་འགྲན་དུ་མུམ་བེ་རུ་ཁག་གིས་པན་ཇབ་རུ་ཁག་ལ་རན་3 ཡིས་ཕམ་ཉེས་གཏོང་བ།

ཁས་ས་ཕྱི་དྲོ་མུམ་བེ་གྲོང་འཁྱེར་གྱི་ཝ་ཀེ་གྲེ་རྩེད་ཁང་དུ་རྒྱལ་ཡོངས་IPL ཀི་རི་ཀེཊ་རྩེད་འགྲན་དུ་མུམ་བེ་རུ་ཁག་གིས་པན་ཇབ་རུ་ཁག་ལ་རན་3 ཡིས་ཕམ་ཉེས་གཏོང་ཡོད་འདུག་ དེ་ཡང་མུམ་བེ་རུ་ཁག་གིས་བཟོས་པའི་རན་187 ཡིས་ཡ་ལན་དུ་པན་ཇབ་རུ་ཁག་གིས་རན་183 ལས་བཟོས་ཐུབ་པ་བྱུང་མེད་དོ།