རྒྱ་གར་དང་བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་འབྲེལ་ལམ།

རྒྱ་གར་གྱི་ཕྱི་སྲིད་མངའ་བསྡེའི་བློན་ཆེན་ཝི་ཀེ་སིང་མཆོག་བྱང་ཀོ་རེ་ཡའི་ནང་དུ་གཞུང་འབྲེལ་མཚམས་གཟིགས་ཕེབས་ཡོད་པ་རེད། བློན་ཆེན་མཆོག་ཐེངས་དེའི་བྱང་ཀོ་རེ་ཡའི་ནང་ཕེབས་པ་ནི་ལོ་ངོ་བཅུ་རྗེས་སུ་ཕིབས་པ་ཞིག་ཡིན་དེ་ཡང་ཕྱིི་ལོ་༡༩༩༨ལོར་གློག་བརྙན་དུས་སྟོན་གྱི་ཉིན་མོ་ཞིག་ལ་པ་ཡོང་ཡང་ནང་དུ་ཕེབས་ཡོད་པ་རེད། ཕྱ་ལོ་༢༠༡༥ཟླ་བ་༤པའི་ནང་དུ་བྱང་ཀོ་རེ་ཡའི་ཕྱི་སྲིད་བློམ་ཆེན་མཆོག་རྒྱ་གར་ལ་ཕེབས་གནང་པ་མ་ཟད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུཤ་མ་ས་ཝ་རཇ་དང་འཇལ་འཕྲད་གནང་ཡོད་པ་རེད།

བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་གྱི་ཚོགས་གཙོ་གཞོན་པ་ཀིམ་ཡོང་དི་མཆོག་ ཕྱི་སྲིད་བློན་ཆེན་མཆོག་ རིག་གཞུང་གི་བློན་ཆེན་པཀ་ཆུན་ནམ་དང་ཕྱི་སྲིད་བློན་ཆེན་གཞོན་པ་ཆོས་ཧི་ཆོལ་བཅས་ནས་རྒྱ་གར་གྱི་ཕྱི་སྲིད་མངའ་བསྡེའི་བློན་ཆེན་ཝི་ཀེ་སིང་མཆོག་ལ་ཡོང་ཡང་རུ་ཆེ་མཐོའི་ཚོགས་འདུ་ལ་ཕེབས་བསུ་ཟབ་རྒྱས་ཞུ་གནང་འདུག། 

ཕྱོགས་གཉིས་ཀའི་རྒྱལ་ཁབ་ཕན་ཚུལ་གྱི་ས་གནས་ ཆབ་སྲིད་ དཔལ་འབྱོར་ ཤེས་ཡོན་དང་མཉམ་འབྲེལ་བཅས་ཀྱི་ཐོག་ལ་གྲོས་བསྡུར་ལྷུག་པ་གནང་འདུག། གཞན་ཡང་མ་འོངས་པ་ཆེད་དུ་འཚོ་ཐབས་ཤེས་ཡོན་ ཞིང་ལས་ སྨན་སྦྱོར་ལག་ལེན་དང་རྩ་རླུང་སྒོམ་སྦྱང་བཅས་ཀྱི་ཐོག་ལ་ཐག་གཅོད་མང་དག་གནང་འདུག། བྱང་ཀོ་རི་ཡ་དང་རྒྱ་གར་བར་རྒྱུན་སྲོལ་ནས་འབྲེལ་ལམ་བཟང་པོ་ཡོད་པ་དང་རྒྱ་གར་ངོས་ནས་བྱང་དང་ལྷོ་ཀོ་རེ་ཡ་གཉེས་བར་ཕྱི་ལོ་༡༩༦༢་དང༡༩༧༢ནས་ཆབ་སྲིད་ཐོག་ལྟ་སྟངས་གཅིག་པར་འཛིན་གྱི་ཡོད་པ་ལས་ཀོ་རེ་ཡ་གཉིས་ོར་ཞི་བདེའི་ངང་གཅིག་སྒྲོལ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད། ཕྱི་ལོ་༡༩༥༠ནས་༡༩༥༣བར་ཀོ་རེ་ཡ་ནང་ཁུལ་འཁྲུགས་འཛིན་ཡོང་བའི་སྐབས་སུ་རྒྱ་གར་ནས་ཕྱོགས་གཉེས་ཀ་ལ་བར་གནས་སུ་འཛིན་པ་རྒྱལ་སྤྱའི་ཡ་རངས་པ་ཞིག་ཆགས་ཡོད། ཕྱི་ལོ་༡༩༩༠ལོར་བྱང་ཀོ་རེ་ཡ་ནས་པ་ཀི་སི་ཏན་ལ་མེ་ཤུགས་འཕུར་མཛའ་འོར་འདྲེན་བྱས་ཡོད་ཀྱང་རྒྱ་གར་དང་བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་ཆ་འཇོག་འོས་པ་ཞིག་ལྷག་ཡོད་པ་རེད། 

རྒྱ་གར་གྱི་ཕྱི་སྲིད་མངའ་བསྡེའི་བློན་ཆེན་ཝི་ཀེ་སིང་མཆོག་ནས་རྡུལ་ཕྲན་མྱུར་བའི་འཕེལ་སྐྱེད་དང་དེའི་རྒྱུད་པ་ཀི་སི་ཏན་དང་འབྲེལ་ལམ་སྐོེར་ལ་གླེང་ཡོད་པ་དང་བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་་ཐོག་ནས་ཕན་ཚུལ་བར་ལ་འབྲེལ་བ་བཟང་པོ་དང་རྒྱ་གར་ངོས་ནས་སྲུང་སྐྱོབ་ཐོག་ལ་བརྗོད་འདུག། མདོར་ན་རྒྱལ་ཁབ་ཕན་ཚུན་བར་མ་འོངས་པ་འབྲེལ་བ་བཟང་པོ་ཡོང་རྒྱུ་ཐོག་ལ་གྲོས་བསྡུར་གནང་འདུག།

རྒྱ་གར་ནས་འགྲོ་བ་མི་རིགས་ཀྱི་བདེ་སྡུག་དང་སེམས་ཁུར་གཙོ་བོ་འཛིན་པའི་ཐོག་ནས་བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རོགས་རམ་སྣ་མང་བྱས་ཡོད་པ་ནི་བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་མུ་ནམ་གཤིས་ཡི་དཀའ་ངལ་ལ་འཕྲད་སྐབས་ཀམ་པར་ འབྲས་ འབྲུ་དང་ཕྲུ་གུའི་ཟས་སོགས་ཀྱི་རོགས་བསྐྱོར་གནང་ཡོད་པ་རེད། ཕྱི་ལོ་༢༠༡༡ལོར་འཛམ་གླིང་བཟའ་ཆས་ཉིན་མོ་ལ་རྒྱ་གར་ནས་བྱང་ཀོ་རེ་ཡ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་ཨ་སྒོར་ས་ཡ་གཅིད་སྤྲད་གནང་པ་རེད། རྒྱལ་ས་རྡི་ལིའི་འགྲོ་བ་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་རོགས་རམ་གནང་པ་ན་པ་ཡོང་ཡང་ནས་དགའ་བསུ་ཞུ་གནང་འདུག།

རྒྱ་གར་ནས་རྐང་འཁོར་ ཀོ་བས་འཐུམ་རྒྱག་པ་ གྱོན་ཆས་དང་སྣོད་ཆས་སོགས་ཀྱི་ཐོན་ཁུངས་ལེགས་པོ་ཡོད་པ་ལ་རྟེན་ནས་ཨ་རི་དང་ཀོ་རེད་ཡའི་བར་དུ་ཚོང་འབྲེལ་སྐྱོ་རུ་འགྲོ་ཡི་ཡོད་པ་རེད།

ཕྱི་ལོ་༡༩༧༦བྱང་ཀོ་རེ་ཡའི་གྲོས་གཅོད་བཞིར་བཟུང་ན་རྒྱ་གར་རིག་གཞུང་ལྷན་ཁང་ནས་བྱང་ཀོ་རེ་ཡ་ལ་རིག་གཞུང་ཟློས་གར་ཚོགས་པ་གཏང་གནང་པ་རེད།  པ་ཡོང་ཡང་ཡི་རྒྱལ་སྤྱིའི་གློག་བརྙེན་འཁྲབ་སྟོན་ལ་ རྒྱ་གར་ནས་མཉམ་བཞུགས་གནང་པ་རེད། བྱང་ཀོ་རི་ཡ་འང་རྒྱ་གར་གྱི་བོ་ལི་ཧུཊ་གློག་བརྙེན་སྐད་རིགས་བང་ལ་ མར་ཐི་དང་མ་ལ་ཡ་ལམ་བཅས་ལ་དགའ་སྣང་ཤུགས་ཆེ་ཡོད་པ་རེད།རྒྱ་གར་གྱི་བྱང་ཀོ་རེ་ཡ་ལ་རྒྱལ་གར་འཕྲུལ་ཆས་དང་དཔལ་འབྱོར་མཉམ་འབྲེལ་སོགས་པའི་སློབ་ཡོན་གྲངས་༡༥ལོ་རེ་བཞིན་གནང་གྱི་ཡོད་པ་རེད།

ཞ་བ་སྔོན་མ་ནས་་ཀོ་རེ་ཡའི་ས་གནས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་ནི་བྱང་དང་ལྷོ་ཀོ་རེ་ཡ་གཉེས་བར་ལ་ཞི་བདེ་དང་གོ་རྟགས་ལེགས་སུ་ཕྱིན་ཡོད་པ་རེད། ད་ལྟ་འཛམ་གླིང་ཡོངས་རྫོགས་ཨ་རི་སྲིད་འཛིན་དང་བྱང་ཀོ་རེ་ཡི་འགོ་ཁྲིད་གཉིས་བར་གྲོས་མོལ་ཡོང་རྒྱུ་ལ་རེ་བ་བྱེད་བཞིན་ཡོད་པ་རེད།

མ་དཔེ།      ས་ཀཊ་ཏ་ཡལ།     རྒྱ་གར་གྱི་གཞུང་ཚབ་ཟུར་པ་དང་ཀོ་རེ་ཡའི་ལས་དོན་གྱི་འཐབ་ཇུས་ཞིབ་དཔྱད་པ།