མེ་འཁོར་ལས་དོན་བློན་ཆེན་མཆོག་གིས་མེ་འཁོར་དང་འབྲེལ་གྱི་རྐྱེན་ཉེན་ཉེ་སྔོན་ལོ་༤ ཡི་ནང་དུ་རྒྱ་ཆ་༦༢ ཉུང་དུ་འགྲོ་བའི་སྐོར་དང་ད་དུང་མེ་འཁོར་གྱི་ཉེན་ཟློག་ཡར་རྒྱས་གཏོང་ཆེད་དུ་ཧིན་སྒོར་བྱེ་བ་འབུམ་གཅིག་གི་གསལ་བསྒྲགས་གནང་བའི་སྐོར་གསུངས་བ།

མེ་འཁོར་ལས་དོན་བློན་ཆེན་སྐུ་ཞབས་པིཡུཤ་གོཡལ་མཆོག་གིས་མེ་འཁོར་དང་འབྲེལ་གྱི་རྐྱེན་ཉེན་ཉེ་སྔོན་ལོ་༤ ཡི་ནང་དུ་རྒྱ་ཆ་༦༢ ཉུང་དུ་འགྲོ་བའི་སྐོར་དང་ད་དུང་མེ་འཁོར་གྱི་ཉེན་ཟློག་ཡར་རྒྱས་གཏོང་ཆེད་དུ་ཧིན་སྒོར་བྱེ་བ་འབུམ་གཅིག་གི་གསལ་བསྒྲགས་གནང་བའི་སྐོར་གསུངས་གནང་ཡོད་པ་རེད་འདུག་   དེའང་བློན་མཆོག་གིས་ཁས་ས་རེས་གཟའ་ཟླ་བར་གསར་འགོད་པར་ཁོང་རང་གི་མེ་འཁོར་ལས་དོན་བློན་ཆེན་ལྷན་ཁང་གིས་ཉེ་སྔོན་ལོ་བཞིའི་ནང་དུ་རྒྱ་གར་གྱི་མེ་འཁོར་གྱི་ཡར་རྒྱས་ཀྱི་ཆེད་དུ་མ་འཛུགས་ཤུགས་ཆེན་པོ་བྱེད་ཡོད་སྐོར་ཡང་གསུངས་འདུག།