ཇ་མུ་ཀཤ་མིར་དུ་པ་ཀིས་ཏན་ངོས་གནས་རྒྱལ་སྤྱིའི་ས་མཚམས་སུ་མེ་འཕེན་ལས་ས་མཚམས་དམག་མི་བཞི་BSF ཞིང་གཤེགས་དཔའ་བོར་འགྱུར་པ།

ཁས་ས་ཕྱི་དྲོ་ཇ་མུ་ཀཤ་མིར་གྱི་སམ་བྷ་རྫོང་་དུ་པ་ཀིས་ཏན་ངོས་གནས་རྒྱལ་སྤྱིའི་ས་མཚམས་སུ་མེ་འཕེན་ལས་ས་མཚམས་དམག་མི་བཞི་BSF ཞིང་གཤེགས་དཔའ་བོར་འགྱུར་ཡོད་འདུག་ དེ་ཡང་ཉིན་ཤས་སྔོན་རྒྱ་གར་པ་ཀིས་ཐན་དུ་མེ་འཕེན་མཚམས་འཇོག་གྲོས་མཐུན་ལས་རྒྱལ་སྟེ་མེ་འཕེན་དྲག་སྤྱོད་རྗེས་དེ་རིང་ཕྱི་དྲོ་ངོས་གཉིས་ཀྱི་ས་མཚམས་དམག་མི་ཡི་འགོ་དཔོན་བར་ཇ་མུ་ཡུ་པུ་ར་སེཀ་ཊར་དུ་ཞི་མོལ་གནང་ཡོད་འདུག་ དེ་ཡང་ཁས་ས་པ་ཀིས་ཐན་ས་མཚམས་དམག་མི་ཡིས་ཇ་མུས་མཚམས་སུ་བསྐྱར་དུ་མེ་འཕེན་རྒྱག་སྟེ་རྒྱ་གར་ས་མཚམས་དམག་མི་གཉིས་གསོད་ཡོད་འདུག་ ཁས་ས་ཇ་མུ་ཀཤ་མིརམངའ་སྡེར་རྒྱལ་སྤྱིའི་ས་མཚམས་སུ་པ་ཀིས་ཐན་དམག་མི་ཡིས་མེ་འཕེན་ཤུགས་ཆེན་རྒྱག་པ་ལས་རྒྱ་གར་ས་མཚམས་ཉེན་སྲུང་དམག་མི་BSF རྨས་སྐྱོན་བྱུང་ཡོད་འདུག་ ཁས་ས་སྲིད་བློན་ཡིག་ཚང་གི་ལས་སྣེ་པ་སྐུ་ཞབས་ཇི་ཏེན་ཌར་སིང་མཆོག་གིས་རྒྱ་གར་དང་པ་ཀིས་ཐན་བར་གྱི་ཕྱི་འབྲེལ་དང་དམག་དོན་གནས་དཀའ་རྙོག་སེལ་སླད་གྲོས་མོལ་གནང་བཞིན་ཡོད་བཅས་འགྲེལ་བརྗོད་གནང་འདུག་གོ།