རྒྱ་གར་གྱིས་ཨ་བྱང་གཉིས་ཀྱི་བར་ལོ་རྒྱུས་ལྡན་པའི་ཆེས་མཐོའི་ཞི་མོལ་ལ་བསྟོད་པ།

རྒྱ་གར་གྱིས་ཁས་ས་སིང་གྷ་པུར་ལ་ཚུགས་ཨ་བྱང་གཉིས་ཀྱི་བར་ལོ་རྒྱུས་ལྡན་པའི་ཆེས་མཐོའི་ཞི་མོལ་ལ་བསྟོད་བསྔགས་གནང་འདུག་ དེ་ཡང་སྲིད་འཛིན་མཆོག་གིས་ང་ཚོས་ལྷོ་ཀོ་རི་ཡ་དང་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་ཡིན། དེས་དངུལ་འབོར་ཆེན་གསོག་ཉར་ཐུབ་ཀྱི་རེད་ཅེས་གསུངས་པ་དང་སྦྲགས་ནམ་ཞིག་མ་གཏོགས་ལྷོ་རི་ཡ་ནས་ཨ་རིའི་དམག་དཔུང་ཕྱིར་བསྡུ་བྱ་རྒྱུ་ཡིན་པ་ཡང་གསུངས་ཡོད་པ་རེད།  འོན་ཀྱང་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་རྗེས་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པའི་ནང་ཨ་རིས་ལྷོ་ཀོ་རི་དང་ཟུང་འབྲེལ་གྱི་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་སྐོར་གང་ཡང་གསལ་མེད་པ་རེད།