སྲིད་བློན་མོདི་མཆོག་གིས་རྒྱལ་ཡོངས་དམང་གཙོ་ལྷན་ཚོགས་གཞུང་གི་གལ་གནད་ཅན་གྱི་ལས་གཞི་རྣམས་ཀྱི་དཔྱད་ཞིབ་གནང་ཆེད་དུ་བློན་ཆེན་ལྷན་ཚོགས་རྣམས་པ་མཇལ་ཕྲད་གནང་རྒྱུ་ཡིན་པ།

སྲིད་བློན་ནཱརེནཌར་མོདི་མཆོག་གིས་རྒྱལ་ཡོངས་དམང་གཙོ་ལྷན་ཚོགས་གཞུང་གི་གལ་གནད་ཅན་གྱི་ལས་གཞི་རྣམས་ཀྱི་དཔྱད་ཞིབ་གནང་ཆེད་དུ་བློན་ཆེན་ལྷན་ཚོགས་རྣམས་པ་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།

བི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་ཨཱམིཏ་ཤྷ་མཆོག་གིས་དབུས་སུ་ཡོད་པའི་རྒྱལ་ཡོངས་མང་གཙོ་མཐུན་སྒྲིག་གཞུང་གིས་རྒྱ་གར་བྱང་ཤར་ཁུལ་གྱི་ལས་གཞི་མཛད་པ་རྣམས་ལ་རྗེས་སུ་ཡི་རངས་བྱེད་ཀྱིས་ཡོད་སྐོར་གསུངས་གནང་ཡོད་པ་རེད་འདུག།

བི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཨཱམིཏ་ཤྷ་མཆོག་དང་བྱང་ཤར་ཁུལ་གྱི་མངའ་སྡེའི་བློན་ཆེན་དྲུག་གི་ལྷན་དུ་བྱང་ཤར་ཁུལ་གྱི་མང་གཙོའི་མཐུན་སྒྲིག་གསུམ་པ་གིཝཱཧཱཊི་ལ་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།

ད་དུང་བྱང་ཤར་མང་གཙོའི་མཐུན་སྒྲིག་གིས་༢༠༡༩ ལོའི་རྒྱལ་ཡོངས་ཀྱི་འོས་བསྡུར་གྲོས་ཚོགས་འོག་མར་ས་མི་༢༥ ནས་༢༡ ཐོབ་རྒྱུའི་རེ་བ་བྱེད་ཀྱིས་ཡོད་འདུག།