སྲིད་འཛིན་ཀོཝིནྜ་མཆོག་གིས་གི་རིས་དང་སུ་རི་ནེམ་དང་ཀུ་བ་རྒྱལ་ཁབ་གསུམ་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་འདི་ཟླའི་ཕྱི་ཚེས་༡༦ ནས་༢༢ བར་དུ་གི་རིས་དང་སུ་རི་ནེམ་དང་ཀུ་བ་རྒྱལ་ཁབ་གསུམ་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།

ཁོང་གི་འཚམས་གཟིགས་ཀྱི་མཛད་བཅར་དང་པོ་སྐབས་སྲིད་འཛིན་མཆོག་གིས་རེའ་གཟའ་སྤེན་པར་ཨེ་ཐེན་སི་ལ་འཆིབས་སྒྱུར་གནང་རྒྱུ་ཡིན་པ་དང་ཁོང་གི་ལྷན་དུ་ལྕགས་ལས་དོན་གྱི་བློན་ཆེན་གཞོན་པ་ཝིཤནུ་ཌིཡོ་མཆོག་ཀྱང་བཅར་རྒྱུ་ཡིན་པ་རེད་འདུག།